ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས《བསམ་འཆར》བཏོན་ནས་དུས་རབས་གསར་པའི་ཁྲིམས་འཛིན་སུའོ་འཛུགས་པར་ཁྱོན་ཡོངས་ནས་ཤུགས་བསྣན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཞིང་ཆེན་ཁྲིམས་འཛིན་ཐིང་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྒྲིག་ཁོངས་གཞུང་ལས་ཁང་། ཞིང་ཆེན་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག《དུས་རབས་གསར་པའི་ཁྲིམས་འཛིན་སུའོ་འཛུགས་སྐྱོང་བྱེད་པར་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ་གཞི་རིམ་གྱི་ཁྲིམས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)དཔར་འགྲེམས་བྱས། དུས་རབས་གསར་པའི་ཁྲིམས་འཛིན་སུའོ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ཐད་བཀོད་སྒྲིག་བྱས་ནས། ཞིང་ཆེན་རིམ་པའི་ངོས་ནས་དུས་རབས་གསར་པའི་ཁྲིམས་འཛིན་སུའོ་འཛུགས་སྐྱོང་གི་ལམ་ལུགས་ཇུས་འགོད་ནུས་ཤུགས་ཡོད་རྒུས་འཐུས་ཚང་དུ་བཏང་བ་རེད། 

《བསམ་འཆར》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་།  ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ནས། ཁྲིམས་འཛིན་སུའོ་ཡི་ལས་ཀའི་ཁྲོད་དུ་ཏང་གི་མགོ་ཁྲིད་གཙང་བཙན་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། གཅིག་གྱུར་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས། གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས། ཕན་འབྲས་དངོས་ལ་དོ་སྣང་བཅས་བྱེད་དགོས། ཕྱོགས8ཐད་ཀྱི་ལས་ཀའི་བྱེད་ཐབས་དོན་འཁྱོལ་བྱས་པ་བརྒྱུད། ཁྲིམས་འཛིན་སུའོ་དེ་ཉིད་གཞི་རིམ་ཁྲིམས་སྐྱོང་འཛུགས་སྐྱོང་གི་རྨང་གཞིའི་ལས་སྟེགས་དང་། གཞི་རིམ་གྱིས་ཁྲིམས་ལྟར་སྲིད་འཛིན་པའི་ཁྲིམས་སྐྱོང་བློ་འདྲི། འགལ་བ་སྔོན་འགོག་དང་འདུམ་སེལ་བྱེད་པའི་འཐབ་ས་མདུན་མ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་སྐར་ཁུང་བཅས་སུ་ཧུར་ཐག་བསྐྲུན་ནས། དུས་རབས་གསར་པའི་ཁྲིམས་འཛིན་སུའོ་ཡི་ལས་ཀའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། ཆུ་ཚད་སྔར་བས་མཐོ་བའི་དུས་བདེའི་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་ཞེས་བླང་བྱ་བཏོན་ཡོད། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།