ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་དུ་རྒྱལ་ཁབ་གཞོན་ནུ་ལོ་ཆུང་གི་རང་བྱུང་སློབ་གསོའི་ལྗང་མདོག་སྒར་ས1གསར་དུ་བསྣན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས9ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་ཤེས་གསལ་ལྟར་ན།ཉེ་ཆར། རྒྱལ་ཡོངས་ནགས་ཚལ་བྱེད་སྒོ་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས2022ལོའི་རྒྱལ་ཁབ་གཞོན་ནུ་ལོ་ཆུང་གི་རང་བྱུང་སློབ་གསོའི་ལྗང་མདོག་སྒར་སའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་།    མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་རི་སྐྱེས་སྲོག་ཆགས་གླིང་མིང་ཐོའི་ནང་ཚུད་པ་རེད།  དེ་ནི2021ལོའི་ཟི་ལིང་བྱང་རིའི་མཛེས་སྡུག་གླིང་ལ་ངོས་འཛིན་ཐོབ་རྗེས། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་གཞོན་ནུ་ལོ་ཆུང་གི་རང་བྱུང་སློབ་གསོའི་ལྗང་མདོག་སྒར་ས་གཉིས་པར་གྱུར།     

ཟི་ལིང་རི་སྐྱེས་སྲོག་ཆགས་གླིང་ནི་རྒྱལ་ཁབ་རིམ་པའི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་ཞིག་ཡིན་པ་དང་གླིང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང100(མུའུ1500)ཡོད      དེ་ནི་རི་སྐྱེས་སྲོག་ཆགས་ལྟ་སྐོར་དང་། སྲུང་སྐྱོང་།  ཚན་རིག་ཞིབ་འཇུག  གསོ་སྤེལ།    ཚན་རིག་ཁྱབ་གདལ་སློབ་གསོ་བཅས་གཞི་གཅིག་ཅན་དང་།  མི་དང་སྲོག་ཆགས་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཐོ་སྒང་གི་ཁྱད་ལྡན་ཡུལ་སྐོར་གནས་མཆོག་ཅིག་རེད།     ཉེ་བའི་ལོ་ཤས་རིང་།    ཟི་ལིང་རི་སྐྱེས་སྲོག་ཆགས་གླིང་གིས་སྐྱེ་ཁམས་དཔལ་ཡོན་སློབ་གསོའི་སྤྱི་ཚོགས་འགན་འཁྲི་ཧུར་ཐག་གིས་འཁུར་བཞིན་ཡོད།     གཞོན་ནུ་ལོ་ཆུང་གི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོར་གཅིག་གྱུར་གྱིས་འཆར་འགོད་དང་མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ།    ལས་ཀའི་བཀོད་པ་དང་།    དཔུང་ཁག་འཛུགས་སྐྱོང་།    སྤྱི་པའི་ཞབས་ཞུ།    རྒྱབ་སྐྱོར་འགན་སྲུང་སོགས་ཀྱི་ཐད་བྱེད་ཐབས་ནུས་ལྡན་སྤྱད་དེ།    ཧུར་ཐག་གིས་གཞོན་ནུ་ལོ་ཆུང་གི་རང་བྱུང་སློབ་གསོ་གསར་གཏོད་བྱེད་སྟངས་འཚོལ་ཞིབ་དང་།    ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད།    མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད།    བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ཡག་པོ་བཅས་བྱས།     

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།