ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གུང་གཞོན་ཚོགས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་ལེན་སྒྲོག་འགྲེལ་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་བསྒྲུབས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ན་གཞོན་གཞུང་ལུགས་དྲིལ་སྒྲོག་བྱ་བའི་དམིགས་གཏད་རང་བཞིན་དང་ཕན་ནུས་རང་བཞིན་མཐོར་འདེགས་སུ་གཏོང་བ་དང་། ཏང་གི་གསར་གཏོད་གཞུང་ལུགས་“ན་གཞོན་ཅན”དུ་གཏོང་བའི་འགྲེལ་བརྗོད་གཙོ་གནད་དུ་བཟུང་ནས། ཟླ12པའི་ཚེས4ཉིན་ནས་ཚེས6ཉིན་བར། མཚོ་སྔོན་གུང་གཞོན་ཚོགས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་། ཞིང་ཆེན་ན་གཞོན་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་གྲོང་ཁྱེར་དང་ཁུལ། ཞིང་ཆེན་ཐད་གཏོགས། མཐོ་རིམ་སློབ་གྲྭ ཁེ་ལས་གུང་གཞོན་ཚོགས་པས་མངགས་པའི་ན་གཞོན་སྒྲོག་འགྲེལ་རྐང་འཛིན་པ300ཙམ་ཐེངས་འདིའི་གསོ་སྦྱོང་ཁྲོད་ཞུགས། 

ཐེངས་འདིའི་གསོ་སྦྱོང་གིས“དྲ་ཐོག་སློབ་ཁྲིད་དང་ཚན་བགོས་བགྲོ་གླེང་། བརྗེ་རེས་སློབ་སྦྱོང”གི་རྣམ་པ་བཅས་སྤྱད་དེ། “དགོས་མཁོ་ལྟར་གསོ་སྦྱོང་དང་དངོས་གཉེར་བེད་སྤྱོད། རྒྱུ་མང་ཟུང་འབྲེལ”གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གུང་གཞོན་ཚོགས་པ་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་།ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གི《ཏང་གི་ཡིག་ཚགས》རྩོམ་སྒྲིག་ཁང་དང་། ཀྲུང་དབྱང་གུང་གཞོན་ཚོགས་པའི་སློབ་གྲྭའི་སློབ་དཔྱོད་ཁྲུའུ། ཧྭ་ཀྲུང་ཚན་རྩལ་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་འབྲེལ་ཡོད་མགོ་ཁྲིད། ཆེད་མཁས་དགེ་རྒན་ཆེན་མོ་བཅས་ཀྱིས་སོ་སོར་སློབ་མ་ཚོར་ཆེད་དོན་སློབ་སྦྱོང་ཟུར་ཁྲིད་བྱས། དུས་མཚུངས་སུ། ན་གཞོན་སྒྲོག་འགྲེལ་རྐང་འཛིན་པ་དེ་དག་སྒྲོག་འགྲེལ་ཚན་ཆུང19རུ་བགོས་ཏེ། “ཇི་ལྟར་ན་གཞོན་ཅན་གྱི་མཐོང་སྣེ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་བྱེད་པ”དང་འབྲེལ་ཏེ་བགྲོ་གླེང་བརྗེ་རེས་བྱས། 

གསོ་སྦྱོང་འཛིན་གྲྭའི་སྟེང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ན་གཞོན་སྒྲོག་བཤད་བྱ་བ་ལེགས་པོར་སྒྲུབ་པའི་ཐད་བཀོད་སྒྲིག་བྱས་པའི་དུས་མཚུངས་སུ། ན་གཞོན་སྒྲོག་འགྲེལ་རྐང་འཛིན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ནས། བརྩེ་བ་དང་ནུས་ཤུགས་ཀྱིས་སྒྲོག་འགྲེལ་བྱ་བ་ལེགས་པོར་སྒྲུབ་པའི་ཐད་བྱེ་བྲག་གི་བླང་བྱ་བཏོན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དེས། གུང་གཞོན་ཚོགས་པ་ཞིང་ཆེན་ཏང་ཨུའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཅིག་བསྡུས་སྒྲོག་བཤད་བྱ་འགུལ་ཁྱོན་ཡོངས་ནས་སྤེལ་བ་མཚོན་པ་དང་། རིམ་པ་སོ་སོའི་སྒྲོག་འགྲེལ་རྐང་འཛིན་པ་གཞི་རིམ་དུ་འགྲོ་བ་དང་། ཁྱབ་ཁོངས་སོ་སོའི་ན་གཞོན་གྱི་ཉེ་འགྲམ་དུ་སོང་ནས། དྲ་ཐོག་དང་ཡུལ་དངོས་ཀྱི་རྣམ་པས་སྒྲོག་འགྲེལ་བྱ་འགུལ་སྤེལ་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་ཁྲོད། “ན་གཞོན་གྱི་ཁྱད་ཆོས”དང་“སྒྲོག་བཤད་ལེགས་ཤོས”གསར་སྐྲུན་བྱས་ཏེ། སྒྲོག་འགྲེལ་ཕན་ནུས་སྤུས་ཚད་མཐོ་བའི་སྒོ་ནས་སྒྲོག་འགྲེལ་ལས་འགན་ལེགས་འགྲུབ་བྱེད་པའི་དུས་མཚུངས་སུ། ན་གཞོན་སྔར་ལས་མང་པོ་ན་གཞོན་གཞུང་ལུགས་སྒྲོག་འགྲེལ་དཔུང་ཁག་ཏུ་ཞུགས་པར་སྣེ་ཁྲིད་དེ། མུ་མཐུད་དུ་རང་ཞིང་གི་ན་གཞོན་གཞུང་ལུགས་སྒྲོག་འགྲེལ་གྱི་སྟོབས་ཤུགས་ཇེ་ཆེར་བཏང་། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།