ཀྲུང་གོ་བོད་ཀྱི་དྲ་བ།

2023ལོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་རའི་ཤེས་ལྡན་མི་སྣའི་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས7ཉིན།  2023ལོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་རའི་ཤེས་ལྡན་པ་ནང་འདྲེན་བྱེད་པའི་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དེ་བརྙན་ལམ་ཚོགས་འདུའི་རྣམ་པའི་སྟེང་ནས་འཚོགས། 

ཚོགས་འདུའི་སྟེང་།  སློབ་རའི་ཤེས་ལྡན་མི་སྣ་ནང་འདྲེན་གྱི་ལས་དོན་སྤེལ་བ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་།  ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས།  དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་ནང་འདྲེན་དང་ཤེས་ལྡན་མི་སྣའི་དཔུང་ཁག་གི་གྲུབ་ཆ་ཇེ་ལེགས་སུ་གཏོང་བའི་དངོས་སྒྲུབ་བྱ་ཐབས་ཤིག་ཡིན་པས།  ཡུན་རིང་མཐའ་འཁྱོངས་དང་རྒྱུན་མཐུད་ངང་ནུས་ཤུགས་བཏོན་ཏེ། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཤེས་ལྡན་མི་སྣས་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས།

ཚོགས་འདུའི་སྟེང་།  ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རང་འགན་རང་འཁུར་བྱས་ནས།  རང་སོ་སོའི་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་ནང་འདྲེན་བྱེད་པའི་ལས་དོན་ལ་དམ་འཛིན་བྱེད་དགོས་པར་མ་ཟད།  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ།  ཤེས་ལྡན་པ་ནང་འདྲེན་གྱི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས།  ཤེས་ལྡན་པ་ནང་འདྲེན་གྱི་ལས་ཀའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན། 

མཚོ་ནུབ་ཁུལ་ཏང་ཨུ་རྩ་འཛུགས་པུའུ་དང་།  མཚོ་ལྷོ་ཁུལ་ཏང་ཨུ་རྩ་འཛུགས་པུའུ།  མཚོ་སྔོན་དགེ་ཐོན་སློབ་ཆེན།  མཚོ་སྔོན་ཚྭ་མཚེའུ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི།  ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད།  ཚོགས་འདུའི་སྟེང་མི་ཤུགས་ཐོན་ཁུངས་དོ་དམ་ཆེད་མཁས་པ་གདན་ཞུ་བྱས་ནས2023ལོའི་རྒྱལ་ཡོངས་ཀྱི་འབུམ་རམས་པ་དང་རབ་འབྱམས་པའི་མཐར་ཕྱིན་སློབ་མའི་གནས་ཚུལ་དང་།  2022ལོའི་ཞིང་ཆེན་ཕྱིའི་ཕུལ་བྱུང་གི་ཤེས་ལྡན་པ་ནང་འདྲེན་བྱེད་པའི་དཔེ་མཚོན་ཐད་གསལ་བཤད་བྱས་པ་རེད།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།