ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་པོའི་གསེར་ཉའི་གསོག་ཚད་ཏུན་ཁྲི11.41བར་སླར་གསོ་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར།  ཀྲུང་གོ་ཆུ་ཐོན་ཚན་རིག་ཞིབ་འཇུག་གླིང་འབྲི་ཆུ་ཆུ་ཐོན་ཞིབ་འཇུག་སུའོ་ཡི་ལྟ་ཞིབ་ཚད་ལེན་གཞི་གྲངས་ལྟར་ན།  2022ལོར་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་ཚད་ཏུན་ཁྲི11.41བར་སླར་གསོ་བྱུང་བ་དང་།  དེ་ལོ་སྔོན་མ་དང་བསྡུར་ན་ཏུན་ཁྲི0.56ཇེ་མང་དུ་ཕྱིན་ཞིང5.1%ཡར་འཕར་བ་རེད། 

ཉེ་བའི་ལོ་འགའི་རིང་།  ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཧུར་ཐག་གིས་ལག་བསྟར་དོན་འཁྱོལ་བྱས་ནས།  “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ་དང་།  “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ཧུར་ཐག་གིས་ལག་བསྟར་བྱས་ནས།  མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་།  མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་སླར་གསོ་བྱེད་པའི་ལས་འགན་ལྕི་མོ་མཐའ་གཅིག་ཏུ་ཁུར་ནས།  “ས་ཆ་བཞིའི”འཛུགས་སྐྲུན་ཁྲོད་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ཡོད།

རྗེས་མར།  ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས།  རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ།  མཚོ་སྔོན་པོའི་འབབ་རྒྱུད་ཀྱི་ཆུ་སྐྱེས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ།  དེ་བས་མཐོ་བའི་ཚད་གཞི་དང་དེ་བས་མཐོ་བའི་རྣམ་པའི་སྟེང་ནས།  མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་རེད།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།