ཀྲུང་གོ་བོད་ཀྱི་དྲ་བ།

རྐང་ཚ་རྫོང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དམངས་ཡོངས་ཀྱི་ཁྱིམ་དུ་བསྐྱལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱུན་ཆད་མེད་པར་སློབ་སྦྱོང་དང་དྲིལ་སྒྲོག་གི་རྣམ་པ་གསར་གཏོད་བྱས་པ་དང་།  སློབ་ཁྲིད་ཀྱི་ཐོན་ཁུངས་སྔོག་འདོན་དང་གསོ་སྐྱོང་བྱས་ཐོག  སྒྲོག་འགྲེལ་གྱི་མིང་རྟགས་གསར་སྐྲུན་བྱས་པ་དང་། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱ་བའི་དཀའ་གནད་སེལ་བར་སྐུལ་འདེད་བཏང་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་གསར་གཏོད་བྱས་པ་དང་།  དགོངས་དོན་ཁྱིམ་རེ་རེ་བསྐྱལ་བ་རེད།  

དྲ་སྦྲེལ་དྲ་བ་དང་རིགས་གཞུང་སྒྲོག་འགྲེལ་གཉིས་ཟུང་འབྲེལ་བྱེད་པའི་རྣམ་པ་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ་དང་།  སྟེགས་བུའི་མ་ལག་གསར་སྐྲུན་བྱས་ཐོག  ཏང་གི་སློབ་གྲྭ་དགེ་རྒན་རྩ་འཛུགས་བྱས་ནས་ནང་དོན་ཆུང་ངུ་ནས་མགོ་བརྩམས་པ་དང་འཚོ་བའི་ཁྲོད་ཀྱི་དཔེ་མཚོན་སོགས་གོ་སླ་བའི་སྐད་ཆར་བརྟེན་ནས་བརྙན་ཐུང་ནན་ཏན་སྒོས་བརྙན་ཕབ་བྱེད་པ། དུས་རྒྱུན་ཏུ་བགྲོ་གླེང་བརྗེ་རེས་བྱེད་པ། ཡང་ནས་ཡང་དུ་སྒྲོག་འགྲེལ་ཡིག་ཆ་བཟོ་བཅོས་བྱེད་པ་མ་ཟད།  ས་གནས་ཀྱི་ཁྱད་ཆོས་ལྡན་པ་དང་སྒྲོག་འགྲེལ་ནང་དོན་གཉིས་ཟུང་འབྲེལ་བྱས་ནས། མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་བརྙན་ཐུང་ཕབ་སྐྲུན་བྱེད་པ་དང་། 《མཐུན་སྒྲིལ་ཡར་རྒྱས་ཀྱི་དུས་རབས་བླང་བྱ་དམ་འཛིན་བྱེད་པ》དང《ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། རྐང་ཚའི་ལོ་ངོ་བཅུའི་འཕེལ་རྒྱས་ལ་ཕྱིར་ལྟ་བྱེད་པ》སོགས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ནང་དོན་ལེའུ་དྲུག་ཕབ་སྐྲུན་བྱས་པ་དང་།  རྒྱུན་ཆད་མེད་པར་སྒྲོག་འགྲེལ་གྱི་ཁྱབ་ཚད་དང་ཤུགས་རྐྱེན་ཇེ་ཆེར་བཏང་ཞིང་བསྡོམས་པས་མི་ཐེངས6200ལྷག་གིས་སྒྲོག་འགྲེལ་བརྙན་ཐུང་ལ་བལྟས།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།