ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་གྱིས་རིམས་ནད་འགོག་སྡོམ་བྱེད་ཐབས་སྐོར་ཞིག་ཞིབ་ཕྲ་རུ་བཏང་བ་དང་ལེགས་སྒྱུར་བྱས།

  རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས7ཉིན།     གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གསར་འགྱུར་ཡོངས་སྒྲོག་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན།  ཟི་ལིང་གྲོང་ཁྱེར་གྱི་མིག་སྔའི་རིམས་ནད་འགོག་སྡོམ་གྱི་དུས་བབ་ལ་དམིགས་ནས། རྒྱལ་ཁབ་ཀྱི་མཉམ་འགོག་མཉམ་བཅོས་ལམ་སྲོལ་ཕྱོགས་བསྡུས་ཚན་ཆུང་གི《པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་ཐབས་སྔར་ལས་ཇེ་ལེགས་དང་དོན་འཁྱོལ་བྱེད་པའི་སྐོར་གྱི་བརྡ་ཐོ》(མཉམ་འགོག་མཉམ་བཅོས་ལམ་སྲོལ་མཉམ་འགྲེལ(2022)ཨང113པ)བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་རྨང་གཞིའི་སྟེང་།  ཟི་ལིང་གྲོང་ཁྱེར་གྱིས་རིམས་ནད་འགོག་སྡོམ་བྱེད་ཐབས་སྐོར་ཞིག་ཞིབ་ཕྲ་རུ་བཏང་བ་དང་ལེགས་སྒྱུར་བྱས་ཡོད།    

རྫོང(ཆུས)གི་ཁོངས་མི་ཡོངས་རྒྱུན་རྣམ་ཅན་གྱི་ཉིང་སྐྱུར་བརྟག་དཔྱད་མི་བྱེད་པ་དང་།     གཅིག་བསྡུས་ལོགས་བཀར་བྱེད་ཡུལ་དང་།    གནས་གཏན་འཁེལ་གྱི་སྨན་ཁང་།    སྨན་བཅོས་སྒྲིག་གཞི་དཀྱུས་མ་བཅས་ཀྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་སོགས་ཉེན་ཁ་ཆེ་བའི་ལས་གནས་ཐོག་ལས་ཀ་བྱེད་མཁན་ལ་ཉིན་རེར་ཞིབ་བཤེར་ཐེངས་གཅིག་བྱེད་པ་དང་། ཉེན་ཁ་ཆེ་བའི་ས་ཁུལ་གྱི་མི་སྣར་ཉིན་ལྔ་ལ་ཐེངས་གསུམ་གྱི་ཞིབ་བཤེར་ལག་བསྟར་བྱས་ནས། མི་སྣ་གཞན་དག་གིས་ཞིབ་བཤེར་བྱེད་འདོད་ན་ཞིབ་བཤེར་ཡོངས་སུ་ཐུབ་པ་བྱེད་དགོས།     

རྒན་གསོ་ཁང་དང་ཕན་བདེ་ཁང་།    སྨན་བཅོས་སྒྲིག་གཞི།    བུ་བཅོལ་སྒྲིག་གཞི།    སློབ་གྲྭ་ཆུང་འབྲིང་སོགས་དམིགས་བསལ་བྱེད་སྒོ་སྤེལ་ཡུལ་དུ། ཆུ་ཚོད48ཀྱི་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཡིན་པའི་དཔང་ཡིག་དང་བདེ་ཐང་ཨང་ལ་ཞིབ་དཔྱད་བརྟག་བཤེར་བྱེད་དགོས་པ་དང་།    གནས་གཞན་དུ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་སྲིབས་གཤིས་དཔང་ཡིག་དང་བདེ་ཐང་ཨང་ལ་ཞིབ་དཔྱད་བརྟག་བཤེར་མི་བྱེད།    

ལས་ཁུངས་གལ་ཆེན་དང་ཁེ་ལས་ཆེ་གྲས།    དེ་བཞིན་དམིགས་བསལ་གྱི་བྱེད་སྒོ་སྤེལ་ཡུལ་དང་བྱེད་སྒོ་གལ་ཆེན་ཁག་དུ། རིམས་ནད་འགོག་སྡོམ་གྱི་བྱེད་པོའི་འགན་འཁྲི་འཁུར་བ་དང་ཆུ་ཚོད48ཀྱི་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཡིན་པའི་དཔང་ཡིག་དང་བདེ་ཐང་ཨང་རིས་ལ་ཞིབ་བཤེར་བྱེད་དགོས་པ་མ་ཟད།    དགོས་མཁོར་དམིགས་ནས་ཉིང་སྐྱུར་བརྟག་དཔྱད་ཡང་བྱེད་དགོས།    

ཟི་ལིང་དུ་ཡོང(ཕྱིར་ལོག)བའི་མི་སྣར་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཡིན་པའི་དཔང་ཡིག་དང་བདེ་ཐང་ཨང་ལ་ཞིབ་དཔྱད་བརྟག་བཤེར་མི་བྱེད་པ་དང་། ས་གནས་སུ་ཐོན་རྗེས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཡང་བྱེད་མི་དགོས། 

ཉིང་སྐྱུར་བརྟག་དཔྱད་མ་དཔེ་འཚོལ་བསྡུ་ས་ཚིགས་ལུགས་མཐུན་ངང་བཀོད་སྒྲིག་བྱས་ནས། སྨན་ཁང་དང་ཤང་གྲོང་འཕྲོད་བསྟེན་ཁང་།  སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སོགས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་གཏན་འཇགས་ཀྱི་ས་ཚིགས་བཀོད་སྒྲིག་བྱས་ནས།  ཉིང་སྐྱུར་གྱི་མ་དཔེ་འཚོལ་བསྡུ་བྱེད་པའི་ཁང་ཆུང་དང་།    མ་དཔེ་འཚོལ་བསྡུ་རླངས་འཁོར།    གནས་སྐབས་ཀྱི་མ་དཔེ་འཚོལ་བསྡུ་ས་ཚིགས་སོགས་སྤྱད་དེ་འཁོར་སྐྱོད་ཀྱི་མ་དཔེ་འཚོལ་བསྡུ་བྱེད་པའི་ཞབས་ཞུ་སྤེལ་ནས། གྲོང་མིའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་དགོས་མཁོར་སྟབས་བདེ་བསྐྲུན་ཡོད།    

རྒྱ་ཆེ་བའི་གྲོང་མིས་ཁ་ཐུམ་བརྒྱག་རྒྱུ་རྒྱུན་འཁྱོངས་དང་།  སྤྱི་ཚོགས་ཀྱི་འབྲེལ་བའི་བར་ཐག་རྒྱུན་འཁྱོངས།    མི་སྒེར་གྱི་འགོག་སྲུང་བྱ་ཐབས་ཡག་པོ་སྒྲུབ་པ།  རིམས་འགོག་སྨན་ཁབ་རྒྱག་པ་བཅས་བྱས་ནས་རང་ཉིད་བདེ་ཐང་གི་འགན་འཁུར་བ་ཨང་དང་པོ་ཡག་པོ་ཞིག་བྱེད་དགོས།    །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།