ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་ཞིང་ཆེན་ཡོངས་ཀྱི་མཚོ་སྔོན་གྱི་འཚེམ་དྲུབ་གསར་གཏོད་ཞིབ་འཇུག་གསར་སྤེལ་ཇུས་འགོད་འགྲན་བསྡུར་ཆེན་མོ་དང་འགྲེམས་སྟོན་ཆེན་མོའི་བྱེད་སྒོ་སྤེལ་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས7ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་ནས་ཤེས་གསལ་ལྟར་ན།  ཞིང་ཆེན་ཡོངས་ཀྱི“མཚོ་སྔོན་གྱི་འཚེམ་དྲུབ”ལས་ཞུགས་བཟོ་ཁང་དང“མཚོ་སྔོན་གྱི་འཚེམ་དྲུབ”གསར་གཏོད་ཞིབ་འཇུག་གསར་སྤེལ་ཇུས་འགོད་ཆུ་ཚད་མཐོ་རུ་བཏང་ནས།  “མཚོ་སྔོན”གྱི་མིང་གྲགས་ཅན་གྱི་རིག་གནས་ཡུལ་སྐོར་སྤུས་རྟགས་དང་།  རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བཏོད་པར་རོགས་འདེགས་བྱ་ཆེད།  ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་གཙོ་གཉེར་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་རིག་གནས་ཡུལ་སྐོར་ཅུའུ་དང་འབྲེལ་ཡོད་སྡེ་ཁག་གིས་སྒྲུབ་འགན་འཁུར་བའི2022ལོའི་ཞིང་ཆེན་ཡོངས་ཀྱི“མཚོ་སྔོན་གྱི་འཚེམ་དྲུབ”གསར་གཏོད་ཞིབ་འཇུག་གསར་སྤེལ་འགྲན་བསྡུར་ཆེན་མོ་དང་འགྲེམས་སྟོན་ཆེན་མོའི་བྱེད་སྒོ་སྤེལ་མགོ་ཚུགས། 

ཐེངས་འདིའི་བྱེད་སྒོར“མཚོ་སྔོན་གྱི་འཚེམ་དྲུབ”གསར་གཏོད་ཞིབ་འཇུག་གསར་སྤེལ་ཇུས་འགོད་འགྲན་བསྡུར་ཆེན་མོ་དང་།  “མཚོ་སྔོན་གྱི་འཚེམ་དྲུབ”གསར་གཏོད་ཞིབ་འཇུག་གསར་སྤེལ་ཇུས་འགོད་གཉིས་སུ་དབྱེ་ནས་དྲ་ཐོག་ཏུ་སྤེལ་ཞིང་།  ཟླ12པའི་ཚེས2ཉིན་ནས་ཟླ12པའི་ཚེས20ཉིན་བར་རྒྱུན་མཐུད་ངང་སྤེལ། 

2021ལོའི“མཚོ་སྔོན་གྱི་འཚེམ་དྲུབ”གསར་གཏོད་ཞིབ་འཇུག་གསར་སྤེལ་ཇུས་འགོད་འགྲན་བསྡུར་ཆེན་མོ་སྤེལ་བ་ནས་བཟུང་།  ཞིང་ཆེན་ཡོངས་ཀྱི“མཚོ་སྔོན་གྱི་འཚེམ་དྲུབ”ལས་ཞུགས་བཟོ་ཁང་དང“མཚོ་སྔོན་གྱི་འཚེམ་དྲུབ”ཇུས་འགོད་གསར་གཏོད་ཀྱི་བརྩམས་ཆོས་འགྲན་བསྡུར་ཆེན་མོའི་བྱེད་སྒོའི་ཁྱད་ཆོས་མངོན་གསལ་དོད་པ་དང་།  དེང་རབས་ཀྱི་རིན་ཐང་མངོན་པར་མ་ཟད།  ནུས་ལྡན་ངང་ཁྲོམ་རའི་དགོས་མཁོ་དང་འབྲེལ་མཐུད་བྱས་ཡོད།  “མཚོ་སྔོན་གྱི་འཚེམ་དྲུབ”གསར་གཏོད་ཞིབ་འཇུག་གསར་སྤེལ་ཇུས་འགོད་འགྲེམས་སྟོན་ཆེན་མོའི2022ལོའི་ཞིང་ཆེན་ཡོངས་ཀྱི“མཚོ་སྔོན་གྱི་འཚེམ་དྲུབ”གསར་གཏོད་ཞིབ་འཇུག་གསར་སྤེལ་ཇུས་འགོད་འགྲན་བསྡུར་ཆེན་མོའི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་བྱས་པ་དང་།  མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་ཚོགས་སུ་བཏང་སྟེ།  མཚོ་སྔོན་གྱི་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་ཡོད།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།