ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་གནས་སྐབས་རང་བཞིན་གྱི་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར2.71འགྲེམ་གཏོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་རིམས་ནད་བྱུང་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་སྡེ་ཁག་གིས་བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། རིམས་ནད་སྐབས་ཀྱི་གཞི་རྩའི་དམངས་འཚོའི་འགན་སྲུང་བྱ་བ་ཡག་པོ་སྒྲུབ་པར་ཁ་ཕྱོགས་ནས། སྤྱི་ཚོགས་ཀྱི་རོགས་སྐྱོབ་སྲིད་ཇུས་སོ་སོ་གཅིག་གྱུར་འཆར་འགོད་དང་བེད་སྤྱོད་བྱས་ཏེ། དཀའ་ཁག་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་ཤུགས་རྒྱུན་མི་ཆད་པར་ཆེ་རུ་བཏང་བ་དང་། ཕན་འབྲས་ཡོད་པའི་སྒོ་ནས་དམངས་སྲིད་ཀྱི་འགན་སྲུང་ནུས་ཤུགས་མཐའ་འཁྱོངས་བྱས་མཐར། ཞིང་ཆེན་ཡོངས་སུ་བསྡོམས་པས་གནས་སྐབས་རང་བཞིན་གྱི་རོགས་སྐྱོབ་བྱ་ཡུལ་མི་ཐེངས་ཁྲི15.1ལ་རོགས་སྐྱོར་བྱས་པ་དང་། གནས་སྐབས་རང་བཞིན་གྱི་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར2.71འགྲེམ་གཏོང་བྱས། 

རྒྱུས་ལོན་ལྟར་ན། བསྟུད་མར་ཉིན་མང་པོར་མཚོ་སྔོན་ཞིང་ཆེན་གྱིས་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས“དགུན་དུས་དྲོད་སྐྱིད་སྐྱེལ་པའི”ཆེད་དོན་རོགས་སྐྱོབ་བྱ་འགུལ་ནན་ཏན་གྱིས་སྤེལ་ཞིང་། ཞིང་ཆེན་ཡོངས་ཀྱི་རོགས་སྐྱོབ་ས་ཚིགས་སོ་སོས་བསྡོམས་པའི་སྲང་ལམ་དུ་སྐོར་ཞིབ་ཐེངས1000ཙམ་བྱས་པ་དང་མི91ལ་རོགས་སྐྱོབ་བྱས་ཏེ། མི28ལ་ཕྱིར་ལོག་བྱ་རྒྱུའི་ཁ་ཏ་བསླབ་བྱ་བྱས་པ་དང་མི9ལ་སྨན་བཅོས་བྱས་པར་མ་ཟད། སྲང་ལམ་གྱི་སྤྲང་པོའི་ཚེ་སྲོག་བདེ་འཇགས་ལ་འགནསྲུང་བྱས། དེའི་ནང་ཟི་ལིང་གྲོང་ཁྱེར་གྱིས་དྲ་ཐོག་དང་ཡུལ་དངོས་གཉིས་ཀྱི་མཉམ་འགུལ་ལམ་ལུགས་ལ་ཤུགས་སྣོན་པ་དང་། ཕན་འབྲས་ཡོད་པའི་སྒོ་ནས་རིམས་ནད་སྐབས་ཀྱི་དཀའ་ཁག་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱས་པ་དང་།  མགོ་ལོག་ཁུལ་གྱིས་འགྱོགས་ཚད་དང་། དྲོད་ཚད། ནུས་ཚད་བཅས་ཀྱི་བྱ་བ་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ནས། ལས་གནས་དང་པོ་རུ་བསྐྱོད་དེ་དཀའ་ཁག་ཡོད་པའི་མང་ཚོགས་ལ་ཞིབ་བཤེར་དང་རོགས་སྐྱོབ་ཐད་ཀྱི་བྱ་འགུལ་ཁྱོན་ཡོངས་ནས་སྤེལ་ཏེ། དུས་ཐོག་ཏུ་ཏང་གི་དྲོད་འཁོལ་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་ཁྱིམ་དུ་སྐྱེལ་བ་རེད།  རྨ་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་སྤྲང་པོ་རིགས་ལ་སྐོར་ཞིབ་དང་། རོགས་སྐྱོབ། བདག་བྱེད་པ། ཁ་ཏ་བསླབ་བྱ་བཅས་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ་ནས། སྤྲང་པོ་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་པ་རེད། གཞན་ཡང་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས་ཀྱིས་བཀའ་རྒྱ་ཐོས་རྗེས་ལག་ལེན་སྟེང་དཔའ་ངར་ཆེན་པོས་ལྡོག་བསྐྱོད་བྱས་ཏེ། མགྱོགས་མྱུར་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་སོང་ནས། བྱ་ཐབས་སྣ་ཚོགས་སྤྱད་དེ་གཙོ་གནད་ལ་མཐོང་ཆེན་དང་། ལས་གནས་གཏན་འཁེལ། འགན་འཁྲི་དང་དུ་བླངས་བ། འདུ་ཤེས་གཙིགས་སུ་འཛིན་པ། བྱས་རྗེས་འབུལ་ནུས་པ། ཕན་འབྲས་བརྩོན་ལེན་བཅས་བྱ་རྒྱུ་དམ་འཛིན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་རམ་འདེགས་བྱས་ནས་གྲོང་མིར་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ།  སྙིང་རྗེ་རྩ་འཛུགས་ཀྱིས་སྡེ་ཁུལ་ལ་རོགས་འདེགས་བྱས་ནས་དམིགས་བསལ་ཚོགས་པར“འབྲུ་རིགས་དང་་ཟས་སྣུམ། ཆུ། སྔོ་ཚལ། སྨན་རྫས། སྨན་བཅོས”སོགས་གཞི་རྩའི་འཚོ་བའི་དགོས་མཁོ་འགན་སྲུང་རིགས་དྲུག་གི་བྱ་བ་ཡག་པོ་ལག་བསྟར་བྱས་ཏེ་རིམས་འགོག་བྱ་བར་ཤུགས་སྣོན་པ་དང་མང་ཚོགས་ལ་དྲོད་འཁོལ་སྦྱིན་པ་རེད།  ཞིང་ཆེན་ནང་ཁུལ་དུ་སྤྱི་ཚོགས་ལས་དོན་སྡེ་ཁག10ལྷག་གིས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ནུས་ཤུགས་ཡོད་རྒུས་སེམས་ཁམས་བདེ་གསོ་དང་སྡེ་ཁུལ་ཞབས་ཞུ་སོགས་ཀྱི་ལས་དོན་ནང་ཞུགས་ལ། དང་བླངས་རུ་ཁག275དང་དང་བླངས་པ7200ལྷག་ཙམ་གྱིས་ཞིང་ཆེན་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས 591དང་། གཞིས་ཁུལ349དུ་ཚན་རིག་དང་མཐུན་པ་དང་གོ་རིམ་ཡོད་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒྲིག་ལམ་འགན་སྲུང་བྱ་རྒྱུ་དང་དམངས་ཕན་ཞབས་ཞུ། དངོས་ཟོག་སྡེབ་སྐྱེལ། སེམས་ཁམས་བདེ་གསོ། སློབ་ཚན་ཟུར་ཁྲིད། དཀའ་ཁག་ཡོད་པའི་མང་ཚོགས་ལ་་རོགས་སྐྱོར་བྱེད་པ་སོགས་ཀྱི་ལས་དོན་ནང་ཞུགས་ནས། ཁྱོན་ཡོངས་ནས་རིམས་ནད་ལས་རྣམ་པར་རྒྱལ་པར་སྟོབས་ཤུགས་ཕུལ་ཡོད་པ་དང་།  ཡུས་ཧྲུའུ་ཁུལ་གྱིས་ནན་ཏན་སྒོས་སྤྱི་ཚོགས་རྩ་འཛུགས་ལ་གོ་རིམ་ལྡན་པའི་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞལ་འདེབས་འབུལ་བའི་བྱ་བར་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཀྱི་ཐོན་ཁུངས་མཉམ་འགུལ་བྱ་རྒྱུ་དང་། ཁེ་ལས་སོ་སོའི་བརྩེ་སེམས་ཅན་དང་། སྤྱི་ཚོགས་ཚོགས་པ། མི་བརྩེ་སེམས་ཅན་བཅས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་དང་དུ་བླངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཀྱི་ཆེད་དུ་སྟོབས་ཤུགས་འབུལ་དགོས་པའི་འབོད་སྐུལ་བཏང་བ་དང་། མཚོ་ནུབ་ཁུལ་གྱིས་རིམས་ནད་སྐབས་སུ། ཉིན་རེར་སྤྱི་ཚོགས་ཡོངས་ལ་སྤྱི་ཚོགས་ཡོངས་ནས་ཞལ་འདེབས་འབུལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པར་མང་ཚོགས་ཀྱི་གདེང་འཇོག་ཆེན་པོ་ཐོབ་ཡོད།   །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།