ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་རྣམ་གྲངས15རྒྱལ་ཡོངས་ཀྱི་ལུས་རྩལ་གནས་སྐོར་རིག་གནས་ཕུལ་བྱུང་མིང་ཐོ་ཁྲོད་ཚུད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ལུས་རྩལ་རིག་གནས་འཕེལ་རྒྱས་ལྟེ་གནས་ཀྱིས“2022ལོའི་ཀྲུང་གོའི་ལུས་རྩལ་གནས་སྐོར་སྤུས་ལེགས་རྣམ་གྲངས”དང“2022ལོའི་ཀྲུང་ཧྭའི་ལུས་རྩལ་རིག་གནས་ཕུལ་བྱུང་རྣམ་གྲངས”བཅས་སུ་བདམས་ཐོན་བྱུང་བའི་མིང་ཐོ་ནང་དུ། མཚོ་སྔོན་གྱི་རྣམ་གྲངས11ལུས་རྩལ་གནས་སྐོར་སྤུས་ལེགས་རྣམ་གྲངས་ནང་ཚུད་ཡོད་ལ།   དེའི་ནང་རྣམ་གྲངས་བཞི“ཕུལ་བྱུང་བཅུ”གྲས་སུ་ཚུད་པ་དང་། རྣམ་གྲངས་བཞི་ཀྲུང་ཧྭའི་ལུས་རྩལ་རིག་གནས་ཕུལ་བྱུང་རྣམ་གྲངས་ནང་ཚུད།  

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་པོར་སྐོར་བའི་ལུས་རྩལ་གནས་སྐོར་ཐོན་ལས་རྟེན་གཞི་དང་དགའ་སྤྲོ་འབུམ་ལྡན་གྱིས་ཚ་འདམ་གཞུང་བརྒྱུད་པའི་གནས་སྐོར་ལམ་ཐུག མཚོ་བོད་མཐོ་སྒང་མཁའ་ལམ་གྱི་དུས་བཅད་སྒེར་འཁོར་གནས་སྐོར་ལམ་ཐུག  མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་ལྕགས་རྟ་འགྲན་ཚོགས་བཅས་ཀྲུང་གོའི་ལུས་རྩལ་གནས་སྐོར་ཕུལ་བྱུང་ཡུལ་ལྗོངས་ཁུལ་དང་ལམ་ཐུག འགྲན་ཚོགས་བཅས་སུ་བདམས་པ་དང་།  ཆུའུ་ཐན་རྒྱལ་སྤྱིའི་གངས་ཤུད་ར་བ་རྒྱལ་ཡོངས་ཀྱི་ལུས་རྩལ་གནས་སྐོར་ཕུལ་བྱུང་ཁུལ་དུ་བདམས་པ། ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་འཁྱགས་དེམ་འགྲན་ཚོགས་དང་ཀྲུང་གོའི་མཚོ་སྔོན་ཞིང་ཆེན་ཞིན་ཧྭའི་རྒྱལ་སྤྱིའི་རྨ་ཆུ་ཚད་བརྒལ་མྱུར་བརྒལ་འགྲན་ཚོགས། རྐང་ཐང་དུ་ཀྲུང་གོར་བསྐྱོད་པ་ཞེས་པའི་མཚོ་སྔོན་པོ་སྐོར་བའི་རྒྱལ་ཡོངས་ཀྱི་རྐང་ཐང་འགྲན་ཚོགས། མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་གི་ཁུ་ནུབ་དྲག་རྩལ་འགྲན་ཚོགས། མཚོ་སྔོན་ཞིང་ཆེན་མཚོ་ཤར་དཔའ་ལུང་རང་སྐྱོང་རྫོང་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་ཚོགས་སོགས་རྒྱལ་ཡོངས་ཀྱི་ལུས་རྩལ་གནས་སྐོར་ཕུལ་བྱུང་འགྲན་ཚོགས་སུ་བདམས་པ་དང་ཟི་ལིང་གྲོང་ཁྱེར་རྒྱལ་ཡོངས་ཀྱི་ལུས་རྩལ་གནས་སྐོར་ཕུལ་བྱུང་ས་གནས་སུ་བདམས་པའི་དུས་མཚུངས་སུ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་ལོ་སར་ཧྲའེ་ཧོ་རིག་རྩལ་འཁྲབ་སྟོན་ཀྲུང་ཧྭའི་ལུས་རྩལ་རིག་གནས་ཕུལ་བྱུང་དུས་ཆེན་དུ་བདམས་པ་དང་།  མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་འཁོར་ལོ་སྐོར་བ།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གི“དྲུག་པའི་གླུ་རོལ”ལུས་རྩལ་རིག་གནས་སྒྱུ་རྩལ་དུས་ཆེན་སོགས་ཀྲུང་ཧྭའི་ལུས་རྩལ་རིག་གནས་ཕུལ་བྱུང་དམངས་སྲོལ་རྣམ་གྲངས་སུ་བདམས་པ་དང་།  བོད་ཀྱི་རྟ་ཐོག་ཟློས་གར་ཀྲུང་ཧྭའི་ལུས་རྩལ་རིག་གནས་མི་རིགས་ཀྱི་ཕུལ་བྱུང་རྣམ་གྲངས་སུ་བདམས།  

ཉེ་བའི་ལོ་འགའི་རིང་།  མཚ་སྔོན་ལུས་རྩལ་ཕྱོགས་ཀྱིས་འཕེལ་རྒྱས་གསར་བའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་།  “རྣམ་གྲངས་ལེགས་པོ་རྒྱ་བསྐྱེད་དེ། རྣམ་གྲངས་གསར་བ་དར་སྤེལ་བྱེད་པ། དགུན་དུས་ཀྱི་རྣམ་གྲངས་གཙོ་གནད་གཙོར་བྱེད་པ”ཞེས་པའི་སྤྱིའི་བསམ་ཕྱོགས་ལྟར། ཚན་རིག་གི་གསོ་སྦྱོང་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། དེང་རབས་ཅན་གྱིི་འགྲན་ཚོགས་རྣམ་པ་བཅས་རིམ་བཞིན་འཐུས་ཚང་དུ་བཏང་སྟེ།  མཚོ་སྔོན་གྱི་གནས་བབ་དང་མཐུན་ཞིང་། མཚོ་སྔོན་གྱི་ལེགས་ཆ་ཕྱིར་མངོན་ཐུབ་པའི་ལུས་རྩལ་རྣམ་གྲངས་འཕེལ་རྒྱས་སུ་གཏོང་བའི་བགྲོད་ལམ་ཞིག་གཏོད་པ་དང་།  ཧུར་ཐག་སྒོས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་མི་རིགས་ལུས་རྩལ་གནས་སྐོར་མཐུན་སྦྱོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་པ་བརྒྱུད། མཐོ་སྒང་མི་རིགས་ཀྱི་ཁྱད་ལྡན་ལུས་རྩལ་རྣམ་གྲངས་ཀྱི་རིག་གནས་འཛུགས་སྐྲུན་དང་ལས་རྩལ་ཁྲིམས་སྐྱོང་། ལུས་རྩལ་རིག་གནས། ལུས་རྩལ་ཚན་རྩལ། ལུས་རྩལ་ཕྱི་ཕྱོགས་ལ་བརྗེ་རེས་བྱེད་པ་སོགས་བྱ་གཞག་སོ་སོ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་ངེས།  །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།