ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་ཁུལ་གྱིས་གྲོང་གསེབ་དར་སྤེལ་ཐད་དངུལ་རྩའི་ནུས་ཤུགས་བསྩལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས1ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་ནས་ཤེས་གསལ་ལྟར་ན། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཞིང་ལས་དངུལ་ཁང་ཡུས་ཧྲུའུ་ཡན་ལག་དངུལ་ཁང་གིས་མུ་མཐུད་དུ་དངུལ་རྩའི་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་ནུས་ཤུགས་མཐོ་རུ་གཏོང་བ་དང་། “དངུལ་ཁང་ཞབས་ཞུ་དང་། རོང་འབྲོག་དམངས་ལ་ཕན་ཁེ་ཐོབ་པ། སྲིད་གཞུང་གིས་བསྟོད་པ་བྱེད”པའི་ཕན་ནུས་གྲུབ་པར་བྱས། ད་ལྟའི་བར་དུ། དངུལ་ཁང་དེས་ཁྱོན་ཞིང་འབྲེལ་བསྐྱི་དངུལ་དང་། གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་ལ་བསྐྱི་དངུལ་སོ་སོར་སྒོར་དུང་ཕྱུར49དང་། སྒོར་དུང་ཕྱུར73བཏང་བ་དང་། ཕྱུགས་ལས་ཆེད་ལས་མཉམ་ལས་ཁང85དང་། རོང་འབྲོག་པའི་དུད་ཁྱིམ་ཁྲི12ལ་ཕན་ཁེ་བསྐྲུན། 

དངུལ་ཁང་དེས་ས་གནས་ཁྱད་ལྡན་ཐོན་ལས་ལ་དམིགས་ཏེ། རྣམ་པ་གསར་བའི་གཏའ་འཇོག་རྣམ་པ་འཚོལ་ཞིབ་བྱས་ནས། སྔ་རྗེས་སུ“ཞིང་ཕན་དགུན་འབུའི་བསྐྱི་དངུལ”དང“གྲོང་གསེབ་དར་སྤེལ་ནོར་ནག་བསྐྱི་དངུལ”སོགས་ཡིད་རྟོན་དངུལ་བུན་ཐོན་རྫས་བཏོན་ནས། དངུལ་ཁང་དང་སྲིད་གཞུང་མཉམ་ལས་ཤུགས་དྲག་ཏུ་བཏང་སྟེ། སྐྱེད་ཀའི་སྲིད་ཇུས་བརྩོན་ལེན་དང་། སྟོབས་ཤུགས་ཡོད་རྒུས་དགུན་འབུ་བརྐོ་བ་དང་། ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་སྣེ་ཁྲིད་ཁེ་ལས་དང་མཉམ་ལས་ཁང་སོགས་ལ་རྒྱབ་སྐྱོར་བྱས་ཏེ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས།

དེ་ལས་གཞན། ཞིང་སྡེའི་ཐུན་མོང་ཐོན་དབང་སྒྲིག་སྲོལ་བཅོས་བསྒྱུར་གྱི་ཚོང་རའི་གོ་སྐབས་དམ་འཛིན་བྱས་ཏེ། ཞིང་སྡེའི་ཡིད་རྟོན་མ་ལག་འཛུགས་སྐྲུན་དང་གྲངས་འཛིན་ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། “མ་དངུལ།མ་རྩ། ཐོན་ཁུངས”དོ་དམ་སྟེགས་བུ་བཏོན་པ་དང་། ཞིང་སྡེའི་ཐུན་མོང་མ་རྩའི་ཉོ་ཚོང་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ། ཞབས་ཞུའི་རྣམ་པ་དེ་རོང་འབྲོག་ཁྱིམ་གྱི་རང་འགུལ་རེ་ཞུ་དེ་དངུལ་ཁང་གིས་རང་འགུལ་ངང་ཡིད་རྟོན་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་། ད་ལྟའི་བར་དུ། དངུལ་ཁང་དེས་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་སྡེ་བ་རིམ་པའི་དངུལ་ཐོ1961སྒྲིག་འཛུགས་བྱས། ཁྱོན་ཕན་ཁེ་རང་བཞིན་གྱི་ཁེ་ལས་ཆུང་བའི་བསྐྱི་དངུལ་སྒོར་དུང་ཕྱུར5.8བཏང་། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།