ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་བོད་མཐོ་སྒང་ཞིང་ཞོར་ཐོན་རྫས་བསྡུ་འདྲེན་ལྟེ་གནས་སྔོ་ཚོད་ཟིལ་ཏོག་ཁུལ་གྱི་ཚོང་གཉེར་སླར་གསོ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། ཟླ12པའི་ཚེས5ཉིན་གྱི་དུས་ཚོད8དང་སྐར་མ30སྟེང་། མཚོ་བོད་མཐོ་སྒང་ཞིང་ཞོར་ཐོན་རྫས་བསྡུ་འདྲེན་ལྟེ་གནས་ཀྱི་སྔོ་ཚོད་དང་ཟིལ་ཏོག་ཁུལ་གྱི་ཚོང་གཉེར་སླར་གསོ་བྱས་པ་དང་།  རྗེས་མ་ད་དུང་མགྱོགས་མྱུར་ངང་མངའ་ཁོངས་གཞན་དག་སླར་གསོ་བྱ་རྒྱུ་རེད། 

ཟླ10པའི་ཚེས20ཉིན་ནས་བསྡུ་འདྲེན་ལྟེ་གནས་ཀྱི་སྒོ་བརྒྱབ་རྗེས།  དུས་ཐོག་ཏུ་ཁྱོན་ཡོངས་སུ་དུག་སེལ་བྱ་བ་སྤེལ་བ་དང་།  བསྡུ་འདྲེན་ལྟེ་གནས་མགྱོགས་མྱུར་ངང་སླར་གསོ་བྱེད་ཆེད། ཞིང་ཆེན་དང་གྲོང་ཁྱེར། གཞིས་ཁུལ་བཅས་ཀྱི་རིམས་ནད་འགོག་སྡོམ་སྡེ་ཁག་གིས་ཆེད་མཁས་ཚན་ཆུང་དང་ཆེད་ལས་དུག་སེལ་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་ཟླ11པའི་ཚེས9ཉིན་ཚོང་ར་ནང་སོང་ནས་དུག་སེལ་བྱས། ཟླ11པའི་ཚེས17ཉིན་ནས་ཟླ12པའི་ཚེས1ཉིན་བར། ཐེངས་གཉིས་པའི་ཁ་གསབ་དུག་སེལ་དང་ཁོར་ཡུག་གི་ནད་དུག་བརྟག་དཔྱད་བྱས་པ་དང་མཇུག་འབྲས་ཚང་མ་ཚད་ལྡན་ཡིན་པར་མ་ཟད།  ཉིན་རེར་དུག་སེལ་བྱེད་པ་དང་ཁ་དབུགས་བརྒྱུད་དུ་འཇུག་པ་སོགས་བྱེད་ཐབས་སྤྱད་དེ་དུག་སེལ་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་།  ཟླ12པའི་ཚེས2ཉིན་ནས་ཚེས4ཉིན་བར།  ཆེད་མཁས་ཚན་ཆུང་གིས་བསྡུ་འདྲེན་ལྟེ་གནས་ལ་སླར་གསོ་སྔོན་གྱི་ཁོར་ཡུག་བརྟག་དཔྱད་བྱས་པ་དང་།  བརྟག་དཔྱད་བྱས་པ་བརྒྱུད། སྔོ་ཚོད་ཁུལ་དང་ཟིལ་ཏོག་ཁུལ་ཚོང་གཉེར་སླར་གསོ་བྱས་པ་དང་།  མངའ་ཁོངས་གཞན་དག་ལ་བརྟག་དཔྱད་བྱེད་པ་དང་ཁོར་ཡུག་ཚོད་དཔག་ཚད་ལྡན་དུ་གྱུར་རྗེས་རིམ་བཞིན་སླར་གསོ་བྱ་རྒྱུ་རེད།  །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།