ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ལས་ཁུངས4མིང་ཐོར་ཚུད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས2021ལོ་ནས2025ལོའི་བར་གྱི་སྐོར་དང་པོའི་ཁ་གསབ་གཏན་འབེབས་བྱས་པའི་རྒྱལ་ཡོངས་ཚན་རིག་ཁྱབ་གདལ་དུ་གཏོང་བའི་སློབ་གསོ་རྟེན་གཞིའི་མིང་ཐོ་ཁྱབ་བསྒྲགས་བྱས།  མཚོ་སྔོན་ཞིང་ཆེན་གྱི་རྟེན་གཞི14མིང་ཐོར་ཚུད། དེའི་ནང་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་སྡེ་ཁག་གིས་རྩ་འཛུགས་ཡར་ཞུ་བྱས་པའི་ཧྲུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བྱང་རིའི་ནགས་ལས་ཁང་དང་མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ། མཚོ་སྔོན་ཞིང་ཆེན་ཟི་ལིང་ཙོང་ཆུའི་རྒྱལ་ཁབ་བརླན་ས་སྤྱི་གླིང་།  ཟི་ལིང་རི་སྐྱེས་སྲོག་ཆགས་གླིང་སོགས་ལས་ཁུངས4མིང་ཐོ་གྲས་སུ་ཚུད་ཡོད་པ་རེད།  རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་རྟེན་གཞི་རུ་གཏན་འབེབས་བྱས་པ་དེས་རང་ཞིང་གི་རང་བྱུང་སློབ་གསོའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་།  སྤྱི་དམངས་ཡོངས་ཀྱི་སྐྱེ་ཁམས་འདུ་ཤེས་དང་ཚན་རིག་གི་བྱང་ཚད་སོགས་མཐོར་འདེགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན། 

བྱང་རིའི་ནགས་ལས་ཁང་ལ་སྐྱེ་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ལྡན་ཞིང་།  སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོང་ཧ་ཅང་ལེགས།  ཧྲུའུ་ཀྲུའུ་བྱང་རིའི་རྒྱལ་ཁང་སྤྱི་གླིང་གི་ལེགས་ཆ་གཞིར་བཟུང་ནས།  སྐྱེ་ཁམས་ཚན་རིག་ཁྱབ་གདལ་བར་ཁྱམས་འཛུགས་སྐྲུན་བྱེད་པ་དང་།  རང་བྱུང་སྐྱེ་ཁམས་དང་ནགས་ཚལ་རོལ་མྱོང་སོགས་ཀྱི་རྣམ་པ་མང་པོ་བརྒྱུད་པའི་རང་བྱུང་སློབ་གསོ་བྱ་འགུལ་སྤེལ།  མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་སྔ་གཞུག་ཏུ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་རི་སྐྱེས་སྲོག་ཆགས་མྱུར་སྐྱོར་གསོ་སྤེལ་ལྟེ་གནས་དང་བཤམས་སྟོན་ལྟེ་གནས།  སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་སོགས་འཛུགས་སྐྲུན་བྱས་ཏེ་རྒྱུན་མེད་པར་ཚན་རིལ་ཁྱབ་གདལ་གྱི་དྲིལ་སྒྲོག་སྤེལ་བ་དང་རང་བྱུང་སློབ་གསོའི་བྱ་བ་སྤེལ། ཙོང་ཆུའི་རྒྱལ་ཁབ་བརླན་ས་སྤྱི་གླིང་ལ་ཅུང་ཆ་ཚང་ཡིན་པའི་ཚན་རིག་ཁྱབ་གདལ་བྱེད་པའི་དྲིལ་སྒྲོག་གི་མ་ལག་ཡོད་པ་དང་།  གཞི་རྒྱ་ཆེ་བའི་དྲིལ་སྒྲོག་བྱང་བུ་དང་དྲིལ་སྒྲོག་བར་འཁྱམས། བརླན་སའི་ཚན་རིག་ཁྱབ་གདལ་ཁང་།  བརླན་སའི་སློབ་ཁྲིད་སོགས་འཛུགས་སྐྲུན་བྱས་ཡོད་པ་དང་། ལོ་མང་པོའི་རིང་།  འབྲེལ་ཡོད་དྲིལ་སྒྲོག་བྱ་འགུལ་ཐེངས150སྤེལ་བ་དང་།  མི་ཐེངས་ཁྲི1ལྷག་ཞུགས་ཡོད་པ་རེད།  ཟི་ལིང་རི་སྐྱེས་སྲོག་ཆགས་གླིང་གིས་འབྲེལ་ཡོད་ཤེས་བྱ་དང་གཏམ་རྒྱུད་སོགས་སྔོག་འདོན་བྱས་ཏེ་རྣམ་པ་མི་གཅིག་པའི་ལམ་ནས་དམངས་ཡོངས་ལ་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་བཏང་བ་དང་། སྲོག་ཆགས་གླིང་དུ་དྲིལ་སྒྲོག་བྱང་བུ130བཀོད་སྒྲིག་བྱས་ཡོད་ལ། སྲོག་ཆགས་གླིང་དུ་སྲོག་ཆགས་རིགས་ཀྱི་ཤེས་བྱ་ཁྱབ་གདལ་དྲིལ་སྒྲོག་བྱས་པ་ལས་གཞན། སྨྱན་བྱད་གསར་བའི་སྟེང་ཚན་རིག་ཁྱབ་གདལ་གཏོང་བའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་།  དྲ་རྒྱ་སྟེང་ནས་གྲགས་འགུལ་ཆེན་པོ་བྱུང་།  །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།