ཀྲུང་གོ་བོད་ཀྱི་དྲ་བ།

ཟླ1པོ་ནས་ཟླ11པའི་བར་མཚོ་སྔོན་ཞིང་ཆེན་གྱིས་འཁོར་གྲུའི་དཔྱ་ཁྲལ་སྒོར་ཁྲི1325ཆག་ཡང་དུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས1ཉིན།  གསར་འགོད་པས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན།  2022ལོའི་ཟླ1པོ་ནས་ཟླ11པའི་བར།  མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་འཁོར་གྲུའི་དཔྱ་ཁྲལ་སྒོར་ཁྲི1325.1ཆག་ཡང་དུ་བཏང་།  དེའི་ཁྲོད་སྤྱི་པའི་འགྲིམ་འགྲུལ་རླངས་འཁོར་དང་རླངས་འཁོར་གྱི་དཔྱ་ཁྲལ་སྒོར་ཁྲི357.4ཆག་ཡང་དུ་བཏང་བ་དང་།  ནུས་རྒྱུ་གསར་པའི་རླངས་འཁོར་དང་གྲུ་གཟིངས་ཀྱི་དཔྱ་ཁྲལ་སྒོར་ཁྲི184.92རྩ་ཆག་བཏང་།  ནུས་རྒྱུ་གྲོན་ཆུང་གི་རླངས་འཁོར་དང་གྲུ་གཟིངས་ཀྱི་དཔྱ་ཁྲལ་སྒོར་ཁྲི782.78ཇེ་ཉུང་དུ་བཏང་།  

ད་ལོ་ནས་བཟུང་།  རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ་དང་མཉམ་འབྲེལ་སྒོས2021ལོར་འགྲེམས་སྤེལ་བྱས་པའི《མཚོ་སྔོན་ཞིང་ཆེན་སྤྱི་པའི་འགྲིམ་འགྲུལ་རླངས་འཁོར་གྱིས་འཁོར་གྲུའི་དཔྱ་ཁྲལ་སྒྲུབ་གཉེར་དང་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་འབྲེལ་ཡོད་ལས་དོན་སྐོར་གྱི་སྤྱི་བསྒྲགས》ཀྱི་རྨང་གཞིའི་སྟེང་།  ཞིང་ཆེན་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་དང་འགྲུལ་སྐྱེལ་ཀུང་སི74ཡི་རླངས་འཁོར་གྱི་ཆ་འཕྲིན་ཚད་ལྡན་ངང་བརྒྱུད་སྤྲོད་བྱས་ནས།  དཔྱ་ཁྲལ་འཇལ་མཁན་གྱིས་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་པར་སྟབས་བདེ་བསྐྲུན།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།