ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ལྷོ་ཁུལ་གྱིས“གཙོ་གནད་ལྔ”ལག་བསྟར་བྱས་ཏེ་ཕྱུགས་ཟོག་ལ་གོད་ཁ་མི་ཐེབས་པར་ཁག་ཐེག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དགུན་ཚུགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་སྡེ་ཁག་གིས་གཟན་རྩྭ་གསོག་འཇོག་དང་ཕྱུགས་ར་སླར་གསོ། ཕྱུགས་ཟོག་ཕྱིར་འཚོང་།  རིམས་ནད་འགོག་སྡོམ་དང་གནོད་འཚེ་ལྟ་ཞིབ་ཚད་ལེན་བཅས“གཙོ་གནད་ལྔ” ལ་ཁ་ཕྱོགས་ནས།  གནོད་འགོག་དངོས་ཟོག་གྲ་སྒྲིག་བྱེད་པ་དང་།  དགུན་དུས་ཀྱི་སྒྲིག་ཆས་ལེགས་བཅོས་བྱེད་པ། བདེ་བླག་ངང་ཕྱུགས་ཟོག་འཚོ་སྐྱོང་བྱེད་པ། སྲོག་ཆགས་ཀྱི་རིམས་ནད་འགོག་སྡོམ་བྱེད་པ་བཅས་གནོད་འཚེ་མེད་པར་བཟོ་བའི་ལས་དོན་རབ་དང་རིམ་པ་སྒྲུབ་མཐར།  རོང་འབྲོག་པ་མང་ཚོགས་ཀྱི་རྒྱུན་ལྡན་ཐོན་སྐྱེད་འཚོ་བ་དང་ཕྱུགས་ཟོག་གི་འཕེལ་ཁ་རྒྱས་པར་རྨང་གཞི་བརྟན་པོ་བཏིངས།

རྨ་ལྷོ་ཁུལ་གྱིས་སྲིད་གཞུང་གི་མ་དངུལ་གཏོང་བ་དང་མང་ཚོགས་ཀྱི་མ་དངུལ་ཧྲག་བསྡུ་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ། གཟན་རྩ་གསོག་འཇོག་བྱེད་པའི་མ་དངུལ་སྒོར་ཁྲི1158དངོས་འབེབས་བྱས་པ་དང་གཟན་རྩྭ་ཏུན་ཁྲི35.36གསོག་འཇོག་བྱས་པ་བཅས་ཀྱིས་ཁུལ་དང་གྲོང་ཁྱེར། རྫོང་རིམ་པའི་གཟན་རྩྭ་གསོག་འཇོག་ལ་ཁག་ཐེག་བྱས་པ་མ་ཟད།  རོང་འབྲོག་པ་མང་ཚོགས་ལ་སྐུལ་འདེད་བྱས་ཏེ་སྔ་མོ་ནས་དགུན་དུས་ཀྱི་ཁ་རྒྱབ་དང་སྨན་རྫས། འབུད་ཤིང་སོགས་འཚོ་བའི་མཁོ་ཆས་གྲ་སྒྲིག་བྱས་པ་དང་།  ཆ་རྐྱེན་ཅུང་ལེགས་པོའི་རྩྭ་ར་བེད་སྤྱོད་བྱས་ནས་གནོད་འགོག་འཕྲལ་སྒྲུབ་རྩྭ་ར་གྲ་སྒྲིག་བྱས་པ་སོགས་རོང་འབྲོག་པ་མང་ཚོགས་ཀྱི་གནོད་འགོག་ནུས་ཤུགས་མཐོར་འདེགས་སུ་བཏང་།  

ཟླ8པ་ནས་བཟུང་།  རྨ་ལྷོ་ཁུལ་གྱི་གྲོང་ཁྱེར་དང་རྫོང་སོ་སོའི་ཞིང་ཕྱུགས་སྡེ་ཁག་གིས་རོང་འབྲོག་པ་མང་ཚོགས་ཀྱི་ཕྱུགས་ར་སྲ་བརྟན་དུ་བཏང་སྟེ་སྔ་མོ་ནས་བདེ་འཇགས་ཐད་ཀྱི་གནད་དོན་ཡོད་པའི་གནས་མེད་པར་བཟོས་ཤིང་།  རོང་འབྲོག་པ་མང་ཚོགས་ལ་མཛུབ་སྟོན་བྱས་ཏེ་དགུན་དུས་ཀྱི་ཕྱུགས་ར་བཀོད་སྒྲིག་ལེགས་པོ་བྱས་ཐོག  ཕྱུགས་ལས་སྒྲིག་ཆས་ཀྱི་གནོད་འགོག་ནུས་པ་བེད་སྤྱད་ནས།  ཕྱུགས་ར་བེད་སྤྱོད་བྱེད་ཚུལ་ཇེ་མཐོར་བཏང་།  མིག་སྔའི་བར། ཁུལ་འདིས་སྤྱི་ཆིང་ཁྲི13.7ཟིན་པའི་ཕྱུགས་ར་ཁྲི2.04འཛུགས་སྐྲུན་བྱས་ཏེ།  ཕྱུགས་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ཅི་ཐུབ་བྱས།  །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།