ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ཝུའུ་ལན་གྱི་སྐྱེ་ཁམས་རྒྱུགས་ཤོག་འབྲི་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ནང་བསྟན་དོན། “ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བྱས་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པ”དང“རང་བྱུང་ལ་བཀུར་བ། རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བྱེད་རྒྱུ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་ནང་གནས་དགོངས་པ་ཡིན། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་ཚད་མཐོའི་ལངས་ཕྱོགས་ནས་འཕེལ་རྒྱས་ཇུས་འགོད་བྱེད་དགོས”བཅས་ཀྱི་བརྗོད་དོན་གལ་ཆེན་འདི་དག་གིས་མི་དམངས་ཀྱི་ཐུགས་ཁུར་ལ་ལན་སྟེར་བ་དང་། འཕེལ་རྒྱས་ཁ་ཕྱོགས་དང་བསྟུན་པས་རྒྱ་ཆེའི་མང་ཚོགས་དག་གི་རྒྱབ་སྐྱོར་ཐོབ་པ་རེད། འདི་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པ་དང་། ལོ་བརྒྱའི་འབད་འཐབ་དམིགས་འབེན་གཉིས་པ་མངོན་འགྱུར་བྱུང་བའི་འཕེལ་རྒྱས་དུས་རིམ་གསར་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཇུས་འགོད་ཐད་བཏོན་པའི་དགོངས་པ་གསར་བ་ཡིན། 

2.jpg

མཐོ་སྒང་གི་ཞིང་ཁ།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་བྱེད་པར། ཞིང་ཆེན་གྱི་གནས་ཚུལ་དང་བསྟུན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཏེ་ཀྲུང་ཧྭ་མི་རིགས་རྒྱུན་གཏན་ངང་འཕེལ་རྒྱས་ཡོང་བའི་རྩ་བའི་ཇུས་ཆེན་གཙོ་བོར་བཟུང་སྟེ། ལྗང་མདོག་འཕེལ་རྒྱས་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་ཞིང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བ། ཐུན་མོང་གིས་མཛེས་སྡུལ་ཀྲུང་གོ རབ་མཛེས་མཚོ་སྔོན། ངོ་མཚར་ལྡན་པའི་ཚྭ་འདམ་གཤོང་ས་སྐྲུན་རྒྱུའི་བྱས་རྗེས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་གིས་སྟོབས་ཤུགས་འབུལ་དགོས།

3.jpg

ཝུའུ་ལན་རྩྭ་ཐང་། 

ཝུའུ་ལན་རྫོང་ནི་མཚོ་བོད་མཐོ་སྒང་གི་དབུས་རྒྱུད་དུ་ཆགས་ཤིང་། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པ་དང་། སྐྱེ་ཁམས་མ་ལག་རང་ཉིད་སྲུང་སྐྱོང་དང་སླར་གསོ་ནུས་བ་ཅུང་ཞན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འགན་འཁྲི་ལྗིད་བ་ཡིན། དུས་ཡུན་རིང་པོ་ཞིག་ལ་ཝུའུ་ལན་རྫོང་གི་མི་རིགས་སོ་སོའི་ལས་བྱེད་མི་སྣ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་དོན་ནན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལྷག་པར་དུ་མཚོ་སྔོན་ཞིང་ཆེན་གྱི“ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་གནས་ཐིག་གཏན་འཁེལ། “བདེ་འཇགས་གསུམ”གྱི་ཆབ་སྲིད་མངག་བཅོལ། “ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད”བྱེད་པའི་འཕེལ་རྒྱས་རེ་འདུན། “མཚོ་བོད་མཐོ་སྒང་ནི་རྒྱལ་ཡོངས་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་མཐོ་སར་ཧུར་གྱིས་སྐྲུན་པ”བཅས་ལ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་ཅིང་སྐུལ་མ་གཏོང་བར་ཆེས་གསོན་ཉམས་ལྡན་ཞིང་ཆེས་ཡུན་རིང་བའི་དོན་དངོས་སུ་བཟུང་ནས། རྒྱུན་མཐུད་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བརྟན་བརླིང་ཡོང་ཞིང་རྒྱང་རིང་དུ་སྐྱོད་པར་སྐུལ་འདེད་བྱེད་དགོས། ཧུར་གྱིས“རི་གཉིས”གཞུང་ལུགས་འཕོ་འགྱུར་བགྲོད་ལམ་འཚོལ་ཞིབ་བྱས་ནས་ཚྭ་ཁ་གྲོང་རྡལ་གྱི“རི་གཉིས”གཞུང་ལུགས་དོན་འཁྱོལ་གསར་གཏོད་རྟེན་གཞི་བཏོད་པ་དང་། གཅིག་བསྡུས་ངང་ཞིང་འབྲོག་ས་ཁུལ་གྱི་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་བྱ་འགུལ་སྤེལ་ནས་རྒྱལ་ཁབ་རིམ་པའི་གཙང་སྦྲ་རྫོང་གྲོང་གི་མཚན་སྙན་ཐོབ་པ་རེད། ཡང“ཁོར་སྲུང་དོ་དམ་པ”དང་ཕྱོགས་གསུམ་པའི་ཁོར་སྲུང་ལྟ་ཞིབ་ཚད་ལེན་ཞབས་ཞུ་ཁྱབ་གདལ་དུ་བཏང་བས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་དབྱིབས་ཕྱོགས་སུ་གོམ་པ་གསར་བ་སྤས་ཡོད་ལ། ཕྱོགས་ཡོངས་ནས་མཚོ་དཔོན་དང་ནགས་དཔོན་འགན་འཁྲི་ལམ་ལུགས་ལག་བསྟར་དང་། དྲ་རྒྱ་རང་བཞིན་གྱིས་ལྟ་ཞིབ་ཚད་ལེན་བྱེད་པར་རིམ་བཞིན་འཐུས་ཚང་དུ་བཏང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཚྭ་མཚོའི་སྲུང་སྐྱོང་གསར་སྤེལ་དང་འདྲེས་བ། ཡུལ་སྐོར་འཕེལ་རྒྱས་ཇུས་འགོད་གོ་རིམ་ལྡན་པ། ཤུགས་ཆེན་པོས“ཚྭ་འདམ་གཤོང་ས་ཆེན་མོའི”ལྗོངས་ཁུལ་འཛུགས་སྐྲུན་བཅས་བྱས་པས། གཅིག་རྐྱང་གི་ཚྭ་མཚོའི་བཟོ་ལས་ལྗང་མདོག་སྐྱེ་ཁམས་ཡུལ་སྐོར་ཕྱོགས་སུ་སྒྱུར་བར་མངོན་འགྱུར་བྱུང་བ། སྐོར་གཉིས་ཀྱི་ཀྲུང་དབྱང་གི་ཁོར་ཡུག་ལྟ་སྐུལ་ཞིབ་བཤེར་ལྡོག་འདྲེན་གནད་དོན་དག་ཐེར་དང་ལེགས་བཅོས་བྱས་ནས། རྡོ་སོལ་སྲེག་སྒྱུར་དང་ཚྭ་སྒྱུར་ཀ་རྟེན་རང་བཞིན་གྱི་ཐོན་ལས་ལག་རྩལ་བསྒྱུར་བཀོད་ལ་སྐུལ་འདེད་དང་། ཐོན་ཁུངས་འཕྲོ་བརླག་དང་ཁོར་ཡུག་འབག་བཙོག་སོགས་ཀྱི་གནད་དོན་ནུས་ལྡན་ངང་ཐག་གཅོད་བྱུང་། གཞན་ཡང་ཤར་ཐང་ཆེན་མོའི་འོད་ནུས་ཐོན་ལས་གླིང་དང་། པའོ་ལང་ལུང་པའི་རླུང་འོད་ཕན་ཚུན་ཁ་གསབ་ཐོན་ལས་གླིང་རྣམ་གྲངས་སོགས་ལག་བསྟར་བརྒྱུད། ནུས་ཁུངས་གསར་བའི་ཐོན་ལས་གསོ་སྐྱོང་རྒྱ་ཆེར་བཏང་ནས་དཔལ་འབྱོར་སྤྱི་ཚོགས་ཐཱན་དམའ་བའི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་བྱེད་པ། འདྲེ་ཚེར་མ་དང་རྒྱ་གྲོ། གཟན་རྩྭ་སོགས་ཀྱི་མཐོ་སྒང་གི་ཁྱད་ལྡན་འདེབས་འཛུགས་ལས་རིགས་སྤུས་ཚད་ལྡན་པའི་ངང་སྤེལ་ནས། བརྟན་བརླིང་ངང་ཚྭ་ཁའི་ལུག་དང་ཚྭ་འདམ་གཤོང་སའི་ནོར། ཚྭ་འདམ་གཤོང་སའི་རྔ་མོང་སོགས་ཀྱི་མཐོ་སྒང་གི་ཁྱད་ལྡན་སྐྱེ་ལྡན་ཕྱུགས་ལས་གསོ་སྤེལ་རྒྱ་ཆེར་གཏོང་ཞིང་། ཞིང་ཕྱུགས་ལས་འཕེལ་རྒྱས་ལ་ཁྱད་ཆོས་ལྡན་པ་དང་། ལེགས་ཆ་ལྡན་པ། གཞི་ཁྱོན་ལྡན་པའི་རྣམ་པ་རགས་ཙམ་ཆགས་ཡོད། རྒྱ་ཆེའི་ལས་བྱེད་མི་སྣ་དང་མང་ཚོགས་ཀྱིས་ཐོན་མོང་འབད་བརྩོན་འོག ཝུའུ་ལན་རྫོང་གི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་གྱུར་ཡོད་ལ། གྲོང་ཁྱེར་དང་གྲོང་སྡེའི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱུང་བ། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་མི་སེམས་སུ་གཏིང་ཟབ་སྒོས་ཆགས་པ། སྐྱེ་ཁམས་བར་གསེང་རྒྱ་ཁྱོན་རྒྱུན་མཐུད་ཀྱིས་ཆེ་རུ་ཕྱིན་པ། ལྗང་མདོག་ཐཱན་དམའ་བའི་སྐྱེ་ཁམས་དཔལ་འབྱོར་དཔེ་དབྱིབས་རགས་ཀྱིས་སྐྲུན་པ། རྫོང་ཡོངས་ཀྱི་ལྗང་མདོག་རྟེན་གཞི་སྔར་ལས་བརྟན་འཇགས་ཡིན་པ་བཅས་ཀྱིས་ཝུའུ་ལན་རྫོང་གིས་སྐྱེ་ཁམས་དཔལ་ཡོན་མཐོ་ས་སྐྲུན་པར་སྟོབས་ཤུགས་སྐྱེད་པ་མ་ཟད། རྨང་གཞི་བརྟན་པོ་བཏིང་། 

4.jpg

ཝུའུ་ལན་མཚེའུ་རྒྱལ་ཁབ་འདམ་ར་སྤྱི་གླིང་། 

2.jpg

ཝུའུ་ལན་མཚེའུ་རྒྱལ་ཁབ་རིམ་པའི་འདམ་ར། 

སྐྱེ་ཁམས་ཁོར་ཡུག་ནི་ཏང་གི་ལས་འགན་དགོངས་དོན་དང་འབྲེལ་བའི་ཆབ་སྲིད་གནད་དོན་གཙོ་བོ་ཡིན་པ་མ་ཟད། དམངས་འཚོ་དང་འབྲེལ་བའི་སྤྱི་ཚོགས་གནད་དོན་གཙོ་བོའང་ཡིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཚན་རིག་གི་སྣེ་ཁྲིད་འོག སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་ལ་ཤུགས་སྣོན་པ་དང་། བརྟན་བརླིང་ངང་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་འདུ་ཤེས་གཙོ་བོ་འཛུགས་པ། ཡུན་རིང་བར་དུ་མདུན་དུ་སྐྱོད་པའི་བགྲོད་ལམ་ཁྲོད་ཝུའུ་ལན་རྫོང་གིས་སྐྱེ་ཁམས་ཁོར་ཡུག་བཟང་པོས“གནས་བཞི”འཛུགས་སྐྲུན་ཐད་ལ་རྨང་གཞིའི་བརྟན་པོ་བཏིང་ནས་ཀྲུང་གོའི་དེང་རབས་ཅན་གྱི་ཝུའུ་ལན་སྐྱེ་ཁམས་རྒྱུགས་ཤོག་འབྲི་བཞིན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།