ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་ཡུལ་གཞན་དུ་སྨན་བཅོས་ཐོ་འགོད་བྱས་ཆོག་པའི་བརྒྱུད་རིམ་སྔར་ལས་ཇེ་ལེགས་སུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན།  “སྤྱོད་ཚུལ་བསྒྱུར་བཅོས་དང་སྲོལ་བཟང་གསར་འཛུགས།  སྔོན་ཐོན་བརྩོན་ལེན”བཅས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་བྱ་སྤྱོད་སྤེལ་བ་ནས།  ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུའུ་ཡིས་ཡུལ་གཞན་དུ་སྨན་བཅོས་བྱེད་སྐབས་ཐད་ཀར་རྩིས་ཞུ་བྱེད་པའི་བརྒྱུད་རིམ་སྔར་བས་ཇེ་ལེགས་སུ་གཏོང་བ་དང་།  སྨན་བཅོས་འགན་བཅོལ་གཉེར་སྒྲུབ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ།  དྲ་ཐོག་ནས་སྨན་བཅོས་འགྲོ་ལུགས་སྒྲུབ་པའི་ཐབས་ལམ་རྒྱ་ཆེར་གཏོང་བ།  ཞིང་ཆེན་རིམ་པའི་འགན་བཅོལ་ནང་ཞུགས་པའི་ལས་བཟོ་བས་ས་ཆ་གཞན་དུ་སྨན་བཅོས་བྱེད་པར་ཐོ་འགོད་བྱེད་པ་བཅས་ལ་སྟབས་བདེ་བསྐྲུན། 

ས་ཆ་གཞན་དུ་སྨན་བཅོས་ཐོ་འགོད་སྙན་སེང་གི་ཐབས་ལམ་སྔར་བས་རྒྱ་བསྐྱེད་པ་དང་བཀོལ་སྤྱོད་སྔར་བས་སྟབས་བདེར་གཏོང་ཆེད།  ཞིང་ཆེན་རིམ་པའི་འགན་བཅོལ་ནང་ཞུགས་པའི་ལས་བཟོ་པས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགསAppདང་།  རྒྱལ་ཁབ་ཀྱི་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་སྙན་སེང་གི་གོ་རིམ་ཆུང་བ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱོད་སྣེའི་གོ་རིམ་ཆུང་བ།  མཚོ་སྔོན་གྱི་སྨན་བཅོས་འགན་བཅོལAppསོགས་ཀྱི་ཐབས་ལམ་བརྒྱུད་དེ།  དྲ་ཐོག་ནས་རང་འགུལ་ངང་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་སྙན་སེང་ཞུས་ཆོག་པར་མ་ཟད།  འགན་བཅོལ་ནང་ཞུགས་མཁན་གྱིས་སྒྲུབ་གཉེར་སྒྲིག་གཞིའི་སྐར་ཁུང་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ས་ཆ་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་འགྲོ་ལུགས་སྒྲུབ་ཆོག  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།