ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་དུས་རིམ་རང་བཞིན་གྱི་སྨན་བཅོས་འགན་སྲུང་འགྱངས་སྤྲོད་སྲིད་ཇུས་དོན་འཁྱོལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དམངས་འཚོའི་གཞི་རྩར་འགན་སྲུང་དང་། ཁེ་ལས་ཀྱི་དཀའ་ཁག་སེལ་བར་རོགས་འདེགས་བྱེད་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་དང་མཉམ་འབྲེལ་སྒོས《དུས་རིམ་རང་བཞིན་གྱི་ལས་བཟོ་བའི་གཞི་རྩའི་སྨན་བཅོས་ཉེན་སྲུང་འགྱངས་སྤྲོད་བྱེད་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཏེ། ཁྱོན་ཡོངས་ནས“རེ་ཞུ་མེད་པར་བཟོས་ཏེ་མྱུར་དུ་ལོངས་སྤྱོད”བྱེད་ཆོག་པའི་ལས་སྒྲུབ་རྣམ་པར་སྐུལ་འདེད་བཏང་ནས། སྨན་བཅོས་འགན་སྲུང་དམངས་ཕན་དང་། ཁེ་ལས་ཕན་པའི་སྲིད་ཇུས་ལ་ཕན་འབྲས་ཐོབ་པར་ཁག་ཐེག་བྱས། 

དུས་རིམ་རང་བཞིན་གྱི་ལས་བཟོ་བའི་སྨན་བཅོས་ཉེན་སྲུང་འགྱངས་སྤྲོད(སྐྱེ་འཕེལ་ཉེན་སྲུང་འདུས)ལས་ཁུངས་ཀྱི་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་པའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཆ་རྐྱེན་དང་མཐུན་པའི་ཁེ་ལས་འབྲིང་ཆུང6532གྱིས་མ་དངུལ་སྒོར་ཁྲི5001འགྱངས་སྤྲོད་བྱས་པ་དང་། ཁེ་ལས་ཀྱི་ཉེན་སྲུང་ཁྲོད་ཞུགས་པའི་ལས་བཟོ་བའི་སྨན་བཅོས་འགན་སྲུང་ལས་ཐོབ་དང་། འགྱངས་སྤྲོད་སྔོན་དང་གཅིག་མཐུན་ཡིན་པ་དང་། ཁྱོན་མི་སྒེར་གྱི་རྩིས་ཐོར་སྒོར་ཁྲི1078དང་། ཐེབས་རྩའི་སྒོར་ཁྲི7140བྱིན་པ་དང་། དེའི་ཁྲོད་ཞག་སྡོད་རྩིས་སྤྲོད་སྒོར་ཁྲི5329དང་། སྒོ་བསྟེན་སྨན་ཁང་གི་རྩིས་སྤྲོད་སྒོར་ཁྲི1811བྱིན་ནས། འགན་བཅོལ་ཁྲོད་ཞུགས་པའི་ལས་བཟོ་བའི་རྩིས་སྤྲོད་ཆུ་ཚད་གཏན་འཇགས་རྒྱུན་འཁྱོངས་བྱས་ཏེ། ཁེ་ལས་ཀྱི་དངུལ་སྤྲོད་གནོན་ཤུགས་ཇེ་ཡང་དུ་བཏང་ནས། རང་ཞིང་གི་དཔལ་འབྱོར་འཁོར་རྒྱུག་གཏན་འཇགས་ཡོང་བར་སྨན་བཅོས་འགན་སྲུང་གི་སྟོབས་ཤུགས་ཕུལ། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།