ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་སྐབས་བཞི་བའི“རྩ་ཁྲིམས་ང་དང་མཉམ་དུ་འགྲོ”བའི་དམངས་ཡོངས་དྲིས་ལན་འགྲན་བསྡུར་བྱ་འགུལ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས4ཉིན། རང་རྒྱལ་གྱིས་ཐེངས་དགུ་བའི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་དང་། རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་ཉིན་མོ་ཐེངས་ལྔ་བ་བསུས། གསར་འགོད་པས་ཟླ11པའི་ཚེས30ཉིན། ཞིང་ཆེན་ཁྲིམས་འཛིན་ཐིང་ནས་ཤེས་གསལ་ལྟར་ན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་དང་། ད་ལྟ་སྤྱོད་བཞིན་པའི་རྩ་ཁྲིམས་ཁྱབ་བསྒྲགས་བྱས་ནས་ལོ་འཁོར་བཞི་བཅུ་འཁོར་བར་རྗེས་དྲན་བྱེད་པ། སྔར་ལས་ལྷག་པར་རྩ་ཁྲིམས་ཤེས་བྱ་དྲིལ་སྒྲོག རྩ་ཁྲིམས་དགོངས་དོན་དར་སྤེལ་བྱེད་ཆེད། རང་ཞིང་གིས་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་སྐབས་སུ་སྐབས་བཞི་བའི“རྩ་ཁྲིམས་ང་དང་མཉམ་དུ་འགྲོ”བའི་དམངས་ཡོངས་དྲིས་ལན་འགྲན་བསྡུར་སྤེལ་རྒྱུ་རེད། 

ཐེངས་འདིའི་དྲིས་ལན་འགྲན་བསྡུར་གྱི་དམིགས་གཏད་ནི་རང་ཞིང་གི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་ལས་དོན་ལས་ཁུངས་ཀྱི་རྒྱལ་ཁབ་ལས་སྒྲུབ་མི་སྣ། དེ་མིན་སྤྱི་ཚོགས་མང་ཚོགས་ཡིན་པ་དང་། དྲིས་ལན་འདེབས་པའི་དུས་ཚོད་ནི་ཟླ12པའི་ཚེས4ཉིན་ནས་ཟླ12པའི་ཚེས6ཉིན་བར་ཡིན་ལ། དྲིས་ལན་གྱི་ནང་དོན་ཐད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ། རྩ་ཁྲིམས་དང་དམངས་དོན་ཁྲིམས་གཞུང་སོགས་ཡོད། དེའི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ལས་སྒྲུབ་མི་སྣས་དང་ལས་རིགས་སོ་སོའི་མང་ཚོགས་ཀྱིས“མཚོ་སྔོན་ཁྲིམས་ལུགས་ཁྱབ་གདལ”སྐད་འཕྲིན་སྤྱི་སྟེགས་སམ་ཡང་ན་རྩ་གཉིས་ཨང་རིས་བརྒྱུད་དེ་བྱ་དགའ་ཡོད་པའི་དྲིས་ལན་བཏབ་ཆོག 

མཚམས་སྦྱོར་ལྟར་ན། སྐབས་བཞི་བའི“རྩ་ཁྲིམས་ང་དང་མཉམ་དུ་འགྲོ”ཞེས་པའི་དམངས་ཡོངས་དྲིས་ལན་འགྲན་བསྡུར་བྱ་འགུལ་རྩ་འཛུགས་ལེགས་པོ་བྱ་ཆེད། ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་། ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལུགས་ཁྱབ་གདལ་མཐུན་སྦྱོར་ཚན་ཆུང་དང་། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཆེད་དུ་བརྡ་སྦྱོར་བཏང་ནས་བཀོད་སྒྲིག་བྱས་ཤིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་ཉིན་མོའི་བྱ་འགུལ་ལ་མཐོང་ཆེན་བྱེད་པ་དང་། འབྲེལ་ཡོད་འགན་ནུས་སྡེ་ཁག་བཀོད་སྒྲིག་བྱས་ཏེ་རྒྱ་ཆེར་སྐུལ་སློང་དང་རྩ་འཛུགས་ལེགས་པོ་བྱེད་དགོས། དུས་མཚུངས་སུ། ས་ཁུལ་དང་རང་སྡེ་ཁག་གི་རྒྱལ་ཁབ་ལས་སྒྲུབ་མི་སྣ་རྩ་འཛུགས་བྱས་ཏེ་ཐེངས་འདིའི་འགྲན་བསྡུར་བྱ་འགུལ་ཁྲོད་ཞུགས་ཏེ། མི་སྣ་དེའི་ཁྲོད་དུ་ཞུགས་ཚད་དང་ཁེབས་ཚད་མཐོ་རུ་གཏོང་བར་ཁག་ཐེག་བྱེད་དགོས། རིམ་པ་སོ་སོའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་དང་། རྒྱལ་ཁབ་ལས་སྒྲུབ་མི་སྣས་སྔོན་ལ་སློབ་པ་དང་། གཏིང་ཟབ་པར་བསླབ་ནས། སྤྱི་ཚོགས་ཀྱི་མང་ཚོགས་རྒྱ་ཆེར་ཞུགས་པར་སྣེ་ཁྲིད་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དང་།རྩ་ཁྲིམས་དང་དམངས་དོན་ཁྲིམས་གཞུང་གི་ཤེས་བྱ་ཁྱིམ་ཚང་དང་མི་རེ་རེའི་ཤེས་སུ་འཇུག་པར་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།