ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་གྱི་མང་ཚོགས5000ལྷག་ཞིང་ལས་དངུལ་ཁང་མཚོ་སྔོན་ཡག་ལག་དངུལ་ཁང་དུ་མི་སྒེར་གྱི་རྒན་གསོ་རྩིས་ཐོ་སྒྲུབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱིི་དྲ་བའི་འཕྲིན། ཟླ11པའི་ཚེས25ཉིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་མི་སྒེར་གྱི་རྒན་གསོ་མ་དངུལ་ལམ་ལུགས་སྤེལ་མགོ་བརྩམས་པར་ཁྱབ་བསྒྲགས་བྱས་པ་ནས་བཟུང་།  རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ36ནས་ལག་བསྟར་བྱེད་པར་ཁྱབ་བསྒྲགས་བྱས། ཀྲུང་གོའི་དངུལ་ཁང་ཉེན་བཅོལ་ལྟ་ཞིབ་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྐོར་དང་པོའི་མི་སྒེར་གྱི་རྒན་གསོ་ལས་དོན་སྒྲུབ་ཆོག་པའི་དངུལ་ཁང་གི་མིང་ཐོ་ཁྱབ་བསྒྲགས་བྱས།  སོ་སོར་བཟོ་ཚོང་དངུལ་ཁང་དང་ཞིང་ལས་དངུལ་ཁང་། ཀྲུང་གོའི་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་། ཀྲུང་གོའི་ཡིད་རྟོན་དངུལ་ཁང་སོགས་དངུལ་ཁང23བཅས་ཡིན། དེའི་ནང་མཚོ་སྔོན་ས་ཁུལ་དུ་གཞི་ཚུགས་ཡོད་པའི་ཞིང་ལས་དངུལ་ཁང་གིས་རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་དང་དུ་བླངས་ནས། དུས་ཐོག་དུ་འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱས་པ་དང་ཟླ11པའི་ཚེས25ཉིན་ནས་བཟུང་ཟི་ལིང་གྲོང་ཁྱེར་དུ་མི་སྒེར་གྱི་རྒན་གསོ་ལས་དོན་སྤེལ་མགོ་བརྩམས།  དྲ་ཐོག་དང་ཡུལ་དངོས་ཀྱི་རྣམ་པ་གཉིས་དང་ཐབས་ལམ་མང་པོ་སྤྱད་དེ་མི་སྒེར་གྱི་རྒན་གསོ་རྩིས་ཐོ་སྒྲུབ་པ་དང་མ་དངུལ་སྤྲོད་པ།  ཐོན་རྫས་ཉོ་སྒྲུབ་སོགས་ཐེངས་གཅིག་རང་བཞིན་གྱི་ཞབས་ཞུ་སྒྲུབ་པ་དང་།  ཟི་ལིང་གྲོང་ཁྱེར་དུ་མཁར་གྲོང་གི་གཞི་རྩའི་རྒན་གསོ་ཉེན་བཅོལ་དང་ཡང་ན་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་ཉེན་བཅོལ་དུ་ཞུགས་པའི་ངལ་རྩོལ་པ་རྣམས་ཀྱང་ཞུགས་ཐུབ་པ་རེད།  མིག་སྔའི་བར། གྲོང་མི5000ལྷག་ལ་ཞིང་ལས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་ནས་མི་སྒེར་གྱི་རྒན་གསོ་རྩིས་ཐོ་བསྒྲུབས།  

རྒྱུས་ལོན་པ་ལྟར་ན།  མི་སྒེར་གྱི་རྒན་གསོ་མ་དངུལ་ནི་རྩིས་ཐོ་ལམ་ལུགས་གཙོ་བྱས་ཏེ། སྲིད་གཞུང་གི་སྲིད་ཇུས་ཕྱོགས་ནས་རྒྱབ་སྐྱོར་བྱེད་པ་དང་། མི་སྒེར་རང་མོས་ངང་ཞུགས་པ། ཚོང་ར་ཅན་དུ་འཁོར་སྐྱོད་བྱེད་པ་སོགས་རྒན་གསོ་ཉེན་བཅོལ་ཐད་ཀྱི་ཁ་གསབ་ནུས་ཤུགས་ལག་བསྟར་བྱེད་པའི་ལམ་ལུགས་ཞིག་ཡིན་ལ།  རང་རྒྱལ་གྱི་རིམ་པ་མང་ཞིང་སྲོག་ཤིང་མང་པོའི་རྒན་གསོའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། མི་གྲངས་བགྲེས་སོང་ཅན་དུ་གྱུར་བར་མཐོང་ཆེན་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་ཀྱང་ཡིན།  ཞིང་ལས་དངུལ་ཁང་ནི་མི་སྒེར་གྱི་རྒན་གསོ་མ་དངུལ་ལས་དོན་སྒྲུབ་པའི་དངུལ་ཁང་ཡིན་པའི་ཆ་ནས། རྒྱལ་ཁབ་ཀྱི་སྲོག་ཤིང་འཛུགས་སྐྲུན་གསུམ་པར་ཞབས་ཞུ་སྒྲུབ་པར་ཐོན་རྫས་སྣ་མང་དང་ཁེ་ཕན་སྣ་མང་གི་ཁྱད་ལྡན་ལྡན།   །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།