ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ལྷོའི་སོག་རྫོང་གིས་ཕྱུགས་ར་བསྐོར་ནས་དགུན་དུས་སུ་ཕྱུགས་ཟོག་གསོ་སྐྱོང་ལ་འགན་སྲུང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

f90fb888-99ec-4c06-b2f1-52953ba90f01.tif.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཕྱུགས་ར་བསྐོར་བ་ནི་འབྲོག་པའི་དགུན་དུས་མཚན་མོའི་ཕྱུགས་ཟོག་གསོ་སྐྱོང་བྱེད་གནས་ཡིན།  དབྱར་ཁར་བེད་སྤྱོད་བྱེད་ཀྱིན་མེད་པའི་ཕྱུགས་ར་ནང་གཟན་རྩྭ་འདེབས་ཤིང་།  ས་སྟོང་དང་ཕྱུགས་ར་ནང་གི་ལུད་རྫས་བེད་སྤྱོད་བྱས་པས།  དབྱར་ཁ་དང་སྟོན་ཁར་གཟན་རྩྭ་འདེབས་པ་དང་། དགུན་ཁ་དང་དཔྱིད་ཀར་ཕྱུགས་སྐྱོང་བའི་དམིགས་ཡུལ་མངོན་འགྱུར་བྱས་ཡོད། དུས་མཚུངས་སུ་ཁོ་ཚོའི་གཞིས་ཁྱིམ་གྱི་ཁོར་ཡུག་ཀྱང་ལེགས་བཅོས་བྱས་ཡོད།

ཉེ་བའི་ལོ་འགའི་རིང་།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གིས་ནུས་ཤུགས་ཡོད་རྒུས་མིས་ཐབས་ཀྱིས་གཟན་རྩྭ་འདེབས་པའི་རྣམ་གྲངས་ཁྱབ་གདལ་དུ་བཏང་བ་དང་། ཕྱུགས་ལས་སྤོ་བསྒྱུར་རིམ་འཕེལ་ལ་སྐུལ་འདེད་བཏང་བ་བརྒྱུད། གཟན་རྩྭ་འདེབས་འཛུགས་བྱས་ནས་རྩྭ་ཐང་བཅོས་སྐྱོང་བྱེད་པ་དང་།  གཟན་རྩྭ་འདེབས་འཛུགས་བྱས་ཏེ་ཕྱུགས་ཟོག་སྐྱོང་བ།  ནགས་ལས་དང་གཟན་རྩྭ་འདེབས་འཛུགས་བྱེད་པ། བྱེ་འགྱུར་འགོག་པ་དང་ཆུ་སྣེ་འདྲེན་པ་སོགས་གཅིག་ཏུ་འདུས་པའི་གཟན་རྩྭ་འདེབས་འཛུགས་ཀྱི་བགྲོད་ལམ་གསར་བ་ཞིག་གཏོད།  

ལོ་མང་པོར་ཕྱུགས་ར་ནང་དུ་གཟན་རྩྭ་འདེབས་འཛུགས་བྱས་པས།  དེ་དགུན་དུས་ཀྱི་ཕྱུགས་ཟོག་གསོ་སྐྱོང་དང་རྩྭ་ར་སྲུང་སྐྱོང་བྱེད་པར་ཕན་འབྲས་ཧ་ཅང་ཆེ་ཞེས་རྨ་ལྷོ་སོག་རྫོང་གཡུ་སྒང་ཉིན་གྲོང་རྡལ་རི་དཔངས་སྡེ་བའི་འབྲོག་པ་བཀྲ་རྡོས་དེ་ལྟར་བཤད། །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།