ཀྲུང་གོ་བོད་ཀྱི་དྲ་བ།

འབྲི་ཆུའི་མགོ་ཁུངས་ཀྱི“རྟ་རྨིག་ཁུག་སོའི”མཛེས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འབྲི་ཆུ་ནི་མཚོ་བོད་མཐོ་སྒང་གི་གངས་རི་འཁྱགས་རོམ་ལས་བྱུང་ཞིང་། མགོ་ཁུངས་ནས་འབའ་ཐང་ཆུ་མཚམས་བར་ཧ་ལམ་སྤྱི་ལེ1200ཡི་འབྲི་ཆུའི་འབབ་རྒྱུད་དུ་མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་ས་ཁུལ་ཡིན་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་གྲུབ་ཆ་གཙོ་བོ་ཡིན་པའི་ཆ་ནས། འབྲི་ཆུས་སྤྱི་ལེ་ཁྲི་ཕྲག་བརྒྱ་ལྷག་ལ་རྒྱུན་བསྲིངས་པའི་ལན་བུ་དབྱིབས་ཅན་གྱི་ཆུའི་མ་ལག་གསོ་སྐྱོང་བྱས་ཤིང་། འབྲི་ཆུའི་མགོ་ཁུངས་ཏེ་དམར་ཆུ་དང་འདམ་ཆུ་གཅིག་ཏུ་འདྲེས་པ་དང་བསྟུན། ཆུ་སྣ་མང་པོ་མཉམ་དུ་འདྲེས་ནས་འབྲི་ཆུ་གྲུབ་པ་དང་རི་ལུང་གི་གསེབ་ཏུ་ཀྱ་ཀྱུ་ངང་མདུན་དུ་སྐྱོད་བཞིན་ཡོད། 

རྔམ་བརྗིད་ཀྱི་འབྲི་ཆུ་དེ་གཡང་གཟར་གྱི་བྲག་རིའི་ལུང་ཁུག་བརྒྱུད་ནས་མཚོ་སྔོན་ཞིང་ཆེན་གྱི་ཆུ་དམར་ལེབ་རྫོང་ཁོངས་སུ་བཞུར་དུས། ཆུ་རྒྱུན་ནི་མཐོ་སྒང་གི་གྲོག་རོང་དུ་ཁུག་སོ་ཆེན་པོ་ཞིག་བརྒྱུད་ནས་རྟའི་རྨིག་པ་ལྟ་བུ་ཞིག་ཆགས་ཡོད་པས“རྟ་རྨིག་ཁུག་སོ”ཞེས་སུ་འབོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་པ་བསྟན་པ་དར་རྒྱས་ཀྱིས“རྟ་རྨིག་ཁུག་སོའི”དུས་བཞིའི་མཛེས་ཉམས་པར་དུ་བླངས་ཡོད། ལོ་ཟླའི་འཁོར་རྒྱུག་གི་ཁྲོད་ནས་དུས་བཞིའི་འགྱུར་ལྡོག་མངོན་པར་གསལ་ལ། “རྟ་རྨིག་ཁུག་སོའི”མཛེས་ལྗོངས་ཡང་དེ་དང་བསྟུན་ནས་ཁྱད་ཆོས་རེ་རེ་མངོན་ཞིང་། རྒྱུན་ལྡན་གྱི་འཁོར་སྐྱོད་བདག་སྐྱོང་གི་ལས་དོན་ཁྲོད། ས་གནས་དེའི་སྐྱེ་ཁམས་བདག་སྐྱོང་བས་གཙང་གསུམ་འབྱུང་ཡུལ་གྱི་ངོ་མཚར་བའི་ཡུལ་ལྗོངས་ལ་བདེན་དཔང་བྱས་ཡོད། །

1.jpg

དཔྱིད་དུས་ཀྱི་འབྲི་ཆུའི་མགོ་ཁུངས་ཀྱི“རྟ་རྨིག་ཁུག་སོ”།

༢.jpg

དབྱར་དུས་ཀྱི་འབྲི་ཆུའི་མགོ་ཁུངས་ཀྱི“རྟ་རྨིག་ཁུག་སོ”།

༣.jpg

སྟོན་དུས་ཀྱི་འབྲི་ཆུའི་མགོ་ཁུངས་ཀྱི“རྟ་རྨིག་ཁུག་སོ”།

༤.jpg

དགུན་དུས་ཀྱི་འབྲི་ཆུའི་མགོ་ཁུངས་ཀྱི“རྟ་རྨིག་ཁུག་སོ”།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།