ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དང་མཁར་བྱང་ཁུལ་གྱི་སྡོད་དམངས་ཀྱི་གཞིས་ཁུལ་དང་ལོགས་བཀར་ས་གནས། སྒྲོམ་ཚང་སྨན་ཁང་སྐོར་ཞིག་ལ་ཕྱིན་ནས། རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། འགོག་སྡོམ་ཡུལ་དངོས་ཀྱི་རིམས་འགོག་མི་སྣར་འཚམས་འདྲི་བྱས།

མཁར་ཤར་ཝུན་ཅིན་ལི་ཏུའུ་དང་ཞ་ཏུའུ་སྡོད་ཤག ཧི་ཞེ་སྡོད་ཤག གཉིས་གཉིས་གཅིག་བཟོ་གྲྭའི་ཁྱིམ་མིའི་ར་བ། ནན་ཀོན་སྲང་ལམ་འོག་མ་བཅས་སུ། ཝུའུ་ཞའོ་ཅུན་གྱིས་འགོག་སྡོམ་ཡུལ་དངོས་ཀྱི་རིམས་འགོག་མི་སྣ་དང་བསམ་བློ་བརྗེ་རེས་ཟབ་མོ་བྱས་པ་དང་། འགོག་སྡོམ་བྱེད་ཐབས་ལག་བསྟར་དང་མང་ཚོགས་ཀྱི་ཞབས་ཞུ་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་བྱས། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། མིག་སྔར་ཟི་ལིང་གི་ས་ཁུལ་ཁ་ཤས་ཀྱི་རིམས་ནད་འགོག་སྡོམ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བས། གཙོ་གནད་ས་ཁུལ་དེ་དག་གཙིགས་སུ་བཟུང་ནས། དབྱེ་ཞིབ་བརྡར་གཅོད་དང་བཀོད་གཏོང་ལ་ཤུགས་སྣོན་པ། སྔར་ལས་ཚན་རིག་དང་མཐུན་པ་དང་གནད་དུ་འཁེལ་བའི་སྒོ་ནས་ཕན་འབྲས་ལྡན་པའི་བྱེད་ཐབས་སྤྱོད་པ། ས་ཆ་རེ་རེ་བཞིན་འགོག་རྒོལ་བྱེད་པ་དང་གཙང་སེལ་བྱེད་པ། ཉེན་ཁ་ཕྱིར་མཆེད་པ་བཀག་འགོག་བྱས་ནས། མྱུར་དུ་སྤྱི་ཚོགས་ངོས་ཀྱི་འགུལ་རྣམ་གཙང་སེལ་མངོན་འགྱུར་བྱེད་དགོས། མང་ཚོགས་ཀྱི་སེམས་གཏམ་དང་ཞུ་གཏུག་ལ་ཉན་པ་དང་། དུས་ལྟར་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་གནད་དོན་ལ་ལན་འདེབས་པ་དང་ཐག་གཅོད་པ། སེམས་ཤུགས་ཡོད་རྒུས་མང་ཚོགས་ལ་ཞབས་ཞུའི་འགན་སྲུང་བཟང་བོ་བསྒྲུབ་པ། ལྷག་པར་ལོ་ལོན་དང་བྱིས་པ། དབང་བོ་སྐྱོན་ཅན། སྦྲུམ་མ་སོགས་ཀྱི་དམིགས་བསལ་མི་ཚོགས་ཀྱི་ནད་སྟོན་སྨན་བཅོས་ཀྱི་དགོས་མཁོ་ཐག་གཅོད་དགོས། ཉིང་སྐྱུར་བརྟག་དཔྱད་ཀྱི་སྟོབས་ཤུགས་དང་རིམས་ནད་བརྟག་དཔྱད་ཀྱི་སྟོབས་ཤུགས། ལོགས་བཀར་ཐོན་ཁུངས་བཅས་ལ་གཅིག་གྱུར་བཀོད་སྒྲིག་བྱེད་པ་དང་། འགོག་སྡོམ་ཐོན་ཁུངས་ལ་ལུགས་མཐུན་སྒོས་བཀོལ་སྤྱོད་བྱས་ཏེ། འགོག་སྡོམ་མཉམ་ཤུགས་ཆགས་པར་བྱེད་དགོས་པར་བརྗོད།

རྟོག་ཞིབ་ཁྲོད། ཝུའུ་ཞའོ་ཅུན་གྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་ཆ་ཚང་དང་ཡང་དག་བྱེད་པ་དང་། བྱེད་ཐབས་ཉི་ཤུ་མཐའ་གཅིག་ཏུ་ལག་བསྟར་ནན་མོ་བྱེད་པ། རིམ་པ་བཞིན་ཆ་རྐྱེན་ཇེ་མང་དུ་གཏོང་བ་དང་ཁྱད་པར་མེད་པར་བྱེད་པ་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་དགོས་པ་མ་ཟད། བྱེད་ཐབས་ལེགས་སྒྱུར་བྱེད་པར་ཁ་གཡར་ནས་འགོག་སྡོམ་གློད་པ་བཀག་འགོག་བྱས་ཏེ། བཏང་ལྷོད་དང་ལྷོད་གཡེང་གཏན་ནས་མི་བྱེད་པར་འདུ་རུབ་སྒོས་རིམས་མཆེད་གསར་བ་འབྱུར་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། སྔ་མོ་བཞིའི་བླང་བྱ་ལག་བསྟར་བྱེད་པ་དང་། ལོགས་བཀར་བརྒྱུད་སྐྱེལ་དང་ཉིང་སྐྱུར་བརྟག་དཔྱད། མི་སྣ་འགྲོ་འོང་། ཞབས་ཞུའི་འགན་སྲུང་། ཆ་འཕྲིན་འདེགས་སྐྱོར་སོགས་ཀྱི་ཕྱོགས་ནས་སྔར་ལས་གནད་དུ་འཁེལ་བ་དང་ཕན་འབྲས་ལྡན་པའི་བྱེད་ཐབས་སྤྱོད་དགོས། རིམས་འགོག་ཡུལ་དངོས་ཀྱི་ལས་བྱེད་མི་སྣར་སེམས་ཁུར་དང་གཟིགས་སྐྱོང་བྱེད་པ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་དང་གཞི་རིམ་ཏང་ཀྲི་པུའུ་ཡི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མང་ཚོགས་ལ་སྐུལ་སློང་བྱེད་པ། མང་ཚོགས་ལ་རྒྱབ་བརྟེན་པ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ནས། མཉམ་དུ་དཀའ་ཁག་སེལ་དགོས། ཕྱོགས་བཞིའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། གནད་དོན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ། ཞན་ཆ་ཁ་གསབ་བྱེད་པ། ས་སྲུང་འགན་ཡོད་དང་ས་སྲུང་འགན་བསྟར་བྱས་ཏེ། ཚད་གཞི་ཆེས་ཆེ་བའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་བྱེད་པ་དང་། ཚད་ཆེས་ཆེ་བའི་སྒོ་ནས་རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་ལ་བཟོས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་དགོས་པར་ནན་གྱིས་བསྟན།

ཁྲིན་རུའེ་ཧྥིན་དང་། ཝང་ཏ་ནན་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།