ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ལ“རྒྱལ་ཡོངས་གནམ་གཤིས་སྔོན་དཔག་འགྲན་བསྡུར་གྱི་བྱ་དགའ་ཨང་གསུམ་པ”ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས19ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུའུ་ནས་ཤེས་གསལ་ལྟར་ན། སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་གནམ་གཤིས་ལས་རིགས་ཀྱི་གནམ་གཤིས་སྔོན་བརྡ་གཏོང་བའི་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་གྱི་རིག་ནུས་གནམ་གཤིས་སྔོན་དཔག་ལག་རྩལ་རྣམ་གྲངས་རྐྱང་པའི་འགྲན་བསྡུར་ཁྲོད། མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་གནམ་གཤིས་སྔོན་དཔག་གནད་འགག་ལག་རྩལ་ཞིབ་འཇུག་གསར་སྤེལ་ཚོགས་པར། “རྒྱལ་ཡོངས་ཀྱི་གནམ་གཤིས་སྔོན་དཔག་འགྲན་བསྡུར་རྣམ་གྲངས་རྐྱང་པའི་བྱ་དགའ་ཨང་གསུམ་པའི”མཚན་སྙན་ཐོབ། 

ཞིབ་འཇུག་རྣམ་པའི་ལས་སྒོ་འཕེལ་རྒྱས་དང་རིག་ནུས་དྲ་མིག་སྔོན་བརྡའི་ལས་སྒོ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་ཆེད། རིག་ནུས་གནམ་གཤིས་སྔོན་དཔག་ལག་རྩལ་བྱེད་ཐབས་ཞིབ་འཇུག་གསར་སྤེལ་དང་ལས་སྒོའི་བཀོལ་སྤྱོད་ལ་སྔར་ལས་ཤུགས་བསྣན་ནས། གནམ་གཤིས་སྔོན་དཔག་ལས་སྒོའི་རིག་ནུས་རྣམ་པ་དང་། དོན་དངོས་རྣམ་པའི་ཆུ་ཚད་མཐོ་རུ་བཏང་སྟེ2022ལོའི་ཟླ6པ་ནས་ཟླ11པའི་བར་ཀྲུང་གོའི་གནམ་གཤིས་ཅུའུ་ཡིས་རྒྱལ་ཡོངས་གནམ་གཤིས་ལས་རིགས་ཀྱི་གནམ་གཤིས་སྔོན་བརྡ་གཏོང་བའི་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་གྱི་རིག་ནུས་གནམ་གཤིས་སྔོན་དཔག་ལག་རྩལ་རྣམ་གྲངས་རྐྱང་པའི་འགྲན་བསྡུར་སྤེལ། ཟླ7ལ་དཀའ་སྤྱད་འབད་བརྩོན་བྱས་ནས། མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་གནམ་གཤིས་སྔོན་དཔག་གནད་འགག་གི་ལག་རྩལ་ཞིབ་འཇུག་གསར་སྤེལ་ཚོགས་པས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པ་བརྒྱུད། གཞི་གྲངས་སྔོན་ལ་ཐག་གཅོད་དང་། མ་དཔེ་གཤིས་ནུས་དཔྱད་དཔོག འགུལ་རྣམ་དབང་ཆ་བསྐྱར་དུ་གཏན་འཁེལ། འདུས་གྲུབ་ཕྱིར་གཏོང་སོགས་ཀྱི་བྱེད་ནུས་གཙོར་བྱས་པའི་ཐོག་མའི་གསར་རྩོམ་གྱི་ལྟེ་བའི་རྩི་ཐབས་ཆགས་པར་བྱས། ཟླ7པ་དང་ཟླ8པ། ཟླ10པ་བཅས་ཀྱི་དྲོད་ཚད་རྒྱུན་ལྡན་མིན་པའི་གནས་ཚུལ་ལ་གནད་ལ་འཁེལ་བའི་སྒོ་ནས་སྔོན་དཔག་བྱས་པའི་ནང་། ཟླ10པར་དྲོད་ཚད་སྔོན་དཔག་གི་རྒྱུན་ལྡན་མིན་པའི་ཕྱོགས་བསྡུས་སྐར་གྲངས98ཡིན་པས། རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཤིང་། དྲོད་ཚད་སྔོན་དཔག་གི་ཕྱོགས་བསྡུས་ཨང་རིམ་རྒྱལ་ཡོངས་ཀྱི་ཨང6པར་སླེབས་ནས། “རྒྱལ་ཡོངས་གནམ་གཤིས་སྔོན་དཔག་འགྲན་བསྡུར་རྣམ་གྲངས་རྐྱང་པའི་བྱ་དགའ་ཨང་གསུམ་པ”ཐོབ་ཅིང་། ཚོགས་པའི་ཨང་རིམ8པར་སླེབས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།