ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡིས་ཧྥུ་ཏན་སློབ་གྲྭ་ཆེན་མོ་དང་ཀྲུང་གོའི་ཚན་རིག་གླིང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་། མཚོ་སྔོན་རང་བྱུང་སྲུང་སྐྱོང་ས་ཁུལ་རང་བྱུང་སློབ་གསོའི་ཆེད་མཁས་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་ལས་ཁུངས་དང་ཞིབ་འཇུག་གླིང་གི་ཆེད་མཁས་པ་གདན་ཞུ་བྱས་ཏེ་དྲ་རྒྱ་སྟེང་ནས་དཔྱད་ཞིབ་བྱེད་པའི་རྣམ་པ་སྤྱད་དེ། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་རྣམ་གྲངས་རང་བྱུང་སློབ་གསོའི་ཁྲིད་བྱར་དཔྱད་ཞིབ་ཐོབ།
2021ལོའི་སྐོར་དང་པོའི་ནགས་ལས་བཅོས་བསྒྱུར་འཕེལ་རྒྱས་མ་དངུལ་བརླན་ས་སྲུང་སྐྱོང་དང་སླར་གསོ་རྣམ་གྲངས་ཡིན་པའི་ཆ་ནས། 《རང་བྱུང་སློབ་གསོའི་ཁྲིད་བྱ》ལས་གཙོ་བོར《ཆུ་བྱའི་ཕ་ཡུལ》དང《ཚེ་སྲོག་འཚར་ལོངས་འབྱུང་བའི་ཕྱིར་རྒྱུ》《ཕ་ཡུལ་དུ་ལོག་པ》《ཉིན་གཅིག་གི་སྐོར་ཞིབ་པ》སོགས་ཁྲིད་བྱ་བཞི་འདུས་ཤིང་། མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོང་དང་གསར་སྤེལ་བཅས་ལ་ཁ་ཕྱོགས་ནས་མཚོ་སྔོན་པོའི་ཁྱད་ཆོས་དང་ལྡན་པའི་རང་བྱུང་སློབ་གསོའི་ཁྲིད་བྱ་ཡིན། མཚོ་སྔོན་པོའི་ཆུ་བྱ་དང་གསེར་ཉ། ད་དུང་སྐོར་ཞིབ་ལས་དོན་སོགས་བརྗོད་དོན་ཡིན་པའི་རང་བྱུང་སློབ་གསོ་དང་སྐྱེ་ཁམས་རོལ་མྱོང་བྱ་འགུལ་སོགས་སྤེལ་པ་དང་། ཕུན་སུམ་ཚོགས་པའི་སློབ་ཁྲིད་བྱེད་སྟངས་སོགས་བརྒྱུད་ནས། གནས་སྐོར་དང་ཁམས་གསེང་བྱེད་པའི་དུས་མཚུངས་སུ་མང་ཚོགས་ཀྱི་རང་བྱུང་ལ་རྒྱུས་ལོན་དང་སྲུང་སྐྱོང་བྱེད་པ། སྔར་ལས་ལྷག་པར་སྤྱི་ཚོགས་ཡོངས་སུ་མཚོ་སྔོན་པོའི་སྐྱེ་དོངས་སྣ་མང་ཅན་དང་སྐྱེ་ཁམས་སྲུང་སྐྱོང་ཐད་རྒྱུས་ལོན་ལེགས་པོ་བྱས་ཏེ། ཚད་གཞི་མཐོ་བའི་སྒོ་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་བདག་སྐྱོང་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་རྨང་གཞི་བརྟན་པོ་བཙུགས།
ཆེད་མཁས་ཨུ་ཡོན་ལྷན་ཁང་གིས་ནན་ཏན་སྒོས་ཞིབ་བཤེར་དང་བགྲོ་གླེང་བྱས་པ་བརྒྱུད། 《རང་བྱུང་སློབ་གསོ་ཁྲིད་བྱ》ཞེས་པ་ཀློག་པ་པོ་ལ་ཁ་ཕྱོགས་ནས། ས་གནས་རང་བཞིན་གྱི་ཤེས་བྱ་འདུས་པའི་ཁྱད་ལྡན་ཁྲིད་བྱ་རྩོམ་སྒྲིག་བྱས་ཡོད་པ་དང་། བརྗོད་བྱ་འབུར་དུ་ཐོན་ཡོད་པ་དང་ནང་དོན་ཕུན་སུམ་ཚོགས་པ། རྣམ་པ་མང་པ་སོགས་ཆེད་ལས་རང་བཞིན་དང་མ་ལག་རང་བཞིན་ལྡན་པས། མང་ཚོགས་ཀྱི་མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་ཅན་ལ་རྒྱུས་ལོན་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱས་པ་དང་། དུས་མཚུངས་སུ་ཆེད་མཁས་ཨུ་ཡོན་ལྷན་ཁང་གིས་རྣམ་གྲངས་ལ་ཆེད་ལས་མཛུབ་སྟོན་དང་བསམ་འཆར་གལ་ཆེན་བཏོན། །