ཀྲུང་གོ་བོད་ཀྱི་དྲ་བ།

​རི་སྐྱེས་སྲོག་ཆགས་རྩ་ཆེན་སྐོར་ཞིག་རྨ་ཆུའི་འབྱུང་ཡུལ་དུ་མངོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རི་སྐྱེས་སྲོག་ཆགས་རྐྱང་དང་འབྲོང་།  ཝ་མོ་སོགས་ཁྱུ་དང་ཁྱུར་བྱས་ཏེ། གངས་རིའི་གྲོག་རོང་ནས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། གཙང་བའི་འགྲམ་རྒྱུད་ནས་མཚེའུ་བརླན་ས་སོགས་སུ་བག་ཡངས་ངང་རྩེད་འཇོ་རོལ་བ་དང་ཟས་འཚོལ་བཞིན་ཡོད་ལ། ག་ས་གང་དུ་སྐྱེ་ཁམས་བཅོས་སྐྱོང་ལེགས་པོ་བྱས་པའི་གྲུབ་འབྲས་མངོན་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དཀྱིལ་དབུས་སུ་ཆགས་ཡོད་པའི“རྨ་ཆུའི་མགོ་ཁུངས་ཀྱི་རྫོང་མཁར་ཐོག་མ”སྟེ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་དུ་རི་སྐྱེས་སྲོག་ཆགས་རྩ་ཆེན་མང་པོ་མངོན། ཉེ་བའི་ལོ་འགའི་རིང་། རྨ་སྟོད་རྫོང་གིས་རྒྱུན་ཆད་མེད་པར་སྐྱེ་ཁམས་མ་ལག་སླར་གསོ་བྱེད་པའི་བྱ་འགུལ་སྤེལ་ཞིང་།  རི་སྐྱེས་སྲོག་ཆགས་དང་འཚོ་སྡོད་བྱེད་སར་སྲུང་སྐྱོང་བྱེད་པའི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཀྱིས་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་པ་བརྒྱུད། མཚོ་བོད་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་རྩ་ཆེན་སྲུང་སྐྱོང་བྱེེད་པར་རོགས་འདེགས་བྱས།   །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།