ཀྲུང་གོ་བོད་ཀྱི་དྲ་བ།

མཁར་ནུབ་ཁུལ་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གིས་ཁྲིམས་ལྟར་རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་གྱི་སྒེར་སྨྱན་ཐོ་ཨང་ཞིག་ཐག་གཅོད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཟླ11པའི་ཚེེས21ཉིན།  ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གིས་དྲ་མིང་ལ“MARKJUN”ཟེར་བའི་དྲ་དམངས་ཞིག་གིས་འཁྱུག་དབྱངས་དང་ཉིན་རེའི་འཕྲིན་གསར་ཞེས་པའི་ཐོ་ཨང་ལས“མཚོ་བོད་མཐོ་སྒང་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་དུ་སང་ཉིན་སྒོ་ཕྱིར་འགྲོ་རུ་འཇུག་རྒྱུ་མིན་པས་མང་ཚོགས་ཀྱིས་ཚོད་མ་ཧབ་ཉོ་བྱེད་ཀྱིན་ཡོད”ཞེས་གནས་ཚུལ་སྤེལ་བ་དང་། ཞིབ་བཤེར་བྱས་པ་བརྒྱུད། གནས་ཚུལ་ཚང་མ་རྫུན་བཟོ་རེད། 

《དྲ་རྒྱའི་ཆ་འཕྲིན་ནང་དོན་སྐྱེ་ཁམས་བཅོས་སྐྱོང་གཏན་ཁེལ》དང《དྲ་རྒྱའི་ཐད་གཏོང་ཕྱིར་ཚོང་དོ་དམ་བྱེད་ཐབས》བཅས་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར། མཁར་ནུབ་ཁུལ་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གིས་ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲ་རྒྱའི་གཞུང་སྒྲུབ་ཁང་གིས་མཛུབ་སྟོན་བྱས་འོག  སྤྱི་བདེ་སྡེ་ཁག་དང་ལྷན་དུ་ཐོ་ཨང་བེད་སྤྱོད་བྱེད་མཁན་ལ་སྐྱོན་བརྗོད་བྱས་པ་དང་།  ཉིན་སུམ་ཅུ་ལ་ཐད་གཏོང་བྱེད་མི་ཆོག་པའི་ཆད་པ་བཅད། 

དྲ་སྦྲེལ་དྲ་བ་ནི་ཁྲིམས་མེད་ལུགས་མེད་ཀྱི་གནས་ཞིག་མིན་ལ། རྗེས་མ་མཁར་ནུབ་ཁུལ་ཏང་ཨུའི་དྲ་རྒྱའི་གཞུང་སྒྲུབ་ཁང་གིས་ཐོག་མཐའ་བར་གསུམ་དུ་འཆལ་གཏམ་བསྒྲགས་པར་རྩ་བ་ནས་གུ་ཡངས་མི་གཏོང་བར།  ས་གནས་ཀྱི་བརྙན་ཐུང་ཐད་གཏོང་སྟེགས་བུ་སོགས་ཀྱི་དོ་དམ་ལ་ཤུགས་བསྣན་ནས། དྲ་རྒྱའི་ཆ་འཕྲིན་ཀྱི་ཁྲིམས་འཛིན་ནུས་ཤུགས་ཆེ་རུ་གཏོང་བ་དང་། གནས་ཚུལ་རྫུན་བཟོ་དང་ཁྱབ་བསྒྲགས་བྱེད་པའི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱེད་རྒྱུ་ཡིན།  

                                            མཁར་ནུབ་ཁུལ་ཏང་ཨུའི་དྲ་རྒྱའི་གཞུང་སྒྲུབ་ཁང་། 

                                            2022ལོའི་ཟླ11པའི་ཚེས23ཉིན། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།