ཀྲུང་གོ་བོད་ཀྱི་དྲ་བ།

འབྲི་སྟོད་རྫོང་གིས་དྲ་རྒྱ་དང་ཡུལ་དངོས་གཉིས་ཀྱི་བྱེད་ཐབས་སྤྱད་དེ་ཞིང་སྡེའི་བཅོས་སྐྱོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་དེ་ཞིང་ཆེན་རིམ་པའི་ཏང་གི་འཛུགས་སྐྲུན་གྱིས་ཞིང་སྡེའི་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའིི་བྱ་བའི་ཚོད་ལྟའི་རྫོང་དུ་གཏན་ཁེལ་བྱས་རྗེས། ཕྱོགས་མང་པོས་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། འབྲི་སྟོད་རྫོང་གིས་བདེ་བླག་ངང་ལག་བསྟར་འཆར་གཞི་བཟོས་ནས་ཞིང་སྡེ་དང་གཞིས་ཁུལ་གྱི་དྲ་མིག་ཅན་གྱི་བྱ་བ་སྒྲུབ་སྟངས་ལ་སྐུལ་འདེད་བྱས་ཐོག  ཐོན་ཁུངས་ཧྲག་བསྡུ་བྱས་ཏེ། “དྲ་རྒྱ་གཅིག་གིས་ཀུན་ལ་ཁྱབ་པར”བྱས་ནས་རྫོང་ཡོངས་སུ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་མགོ་བརྩམས། 

འབྲི་སྟོད་རྫོང་གིས་ཏང་རྩ་འཛུགས་ཀྱིས“དམར་པོའི་སྒུལ་འཁོར”ནུས་པ་བེད་སྤྱད་དེ། རྫོང་ཡོངས་ཀྱི་འབྲོག་སྡེ་དང་རྫོང་མཁར་ཆགས་སའི་གཞིས་ཁུལ་དྲུག་ལ་སྐུལ་ཁྲིད་བྱས་ཏེ་དྲ་མིག་ཅན་གྱི་སྒྲིག་གཞིའི་རྨང་གཞིའི་སྟེང་།  “དྲ་རྒྱ་གཅིག་གིས་ཀུན་ལ་ཁྱབ་པ”དང་དྲ་མང་མཉམ་སྤྱོད”བྱེད་པའི་འཆར་འགོད་ལམ་ཐིག་ལྟར།  ཡང་བསྐྱར་དྲ་མིག་མི་སྣའི་སྒྲིག་གཞི་ལེགས་སྒྲིག་བྱེད་པ་དང་། གཞི་རིམ་གྱི་རྩ་འཛུགས་སྲ་བརྟན་དུ་བཏང་། མིག་སྔའི་བར། རྫོང་ཡོངས་སུ་རིམ་པ་དང་པོའི་དྲ་མིག་མི་སྣ26དང་།  རིམ་པའི་གཉིས་པའི་དྲ་མིག་མི་སྣ109། རིམ་པ་གསུམ་པའི་དྲ་མིག་མི་སྣ966བཀོད་སྒྲིག་བྱས་ཡོད། ། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།