ཀྲུང་གོ་བོད་ཀྱི་དྲ་བ།

ཡིད་དུ་འོང་བའི་དགུན་དུས་ཀྱི་ཝ་གཞུང་མཚོ་ཁྲ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གངས་བསོད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་དུས་ཀྱི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་གནས་པའི་ཝ་གཞུང་མཚོ་ཁྲ་དང་མཚེའུ་ཚོགས་ལ་དངུལ་དཀར་ཁ་བའི་མཛེས་རྒྱན་སྤྲས་པས་ལྟ་ན་སྡུག་ལ། མཚོ་ངོས་ནི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་པོའི་ཐོག་རྡོ་ཕ་ལམ་སྔོན་པོ་ཞིག་དང་འདྲ་བར་ཧ་ཅང་བརྗིད་ཉམས་ལྡན་པའི་ངང་འཁྱིལ་ཡོད།     

པར་འདི་དག་ནི་ཟླ11ཚེས19ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནས་མི་མེད་གནམ་གྲུས་པར་བླངས་པའི་ཝ་གཞུང་མཚོ་ཁྲ་ཡིན།    

རྩོམ་སྒྲིག་པ། : གངས་བསོད།