ཀྲུང་གོ་བོད་ཀྱི་དྲ་བ།

ཁྲི་འདུ་རྫོང་གིས་ལས་ཁུངས་སོ་སོའི་ཏང་འཛུགས་སྐྱོང་གི་ལས་ཀའི་ཆུ་ཚད་མཐོར་འདེགས་སུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ད་ལོ་ནས་བཟུང་།  ཁྲི་འདུ་རྫོང་གིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་སྟངས་འཛིན་ནན་མོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། “13333”ཏང་འཛུགས་སྐྱོང་གི་ལས་ཀའི་བྱ་ཐབས་ལག་བསྟར་དང་།  གཙོ་རྐང་གསུམ་མངོན་གསལ་དོད་པོ་བྱེད་པ།  ཕྱོགས་གསུམ་མཉམ་འདྲེས་ཐུབ་པ་བཅས་བྱས་ནས།  ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་མདུན་གྲལ་དུ་བསྐྱོད་པར་སྐུལ་འདེད་ཤུགས་ཆེན་བཏང་། 

ཏང་ལ་བློ་དཀར་སེམས་དཀར་བྱ་དགོས།  “མུ་འབྲེལ་རྣམ་པ”དང“མཉམ་འགུལ་རྣམ་པ”ཡི་སློབ་སྦྱོང་བཅའ་ཁྲིམས་འཚོལ་ཞིབ་བྱས་ཏེ།  ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་ཁྲིད་སྟོན་བྱ་དགོས། “ཞིབ་འཇུག་སློབ་སྦྱོང་དང་ལངས་གཟུགས་ཅན་གྱི་སྒྲོག་འགྲེལ”གྱི་བྱེད་སྟངས་ཐོག་མར་སྤེལ་བ་དང་།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།  བསམ་བློའི་ཟིལ་ཤུགས་མྱོང་ཚོར་བྱེད་པ།  འབད་འཐབ་ཀྱི་ཆོད་སེམས་བརྟན་དུ་གཏོང་བ་བཅས་བྱེད་དགོས། 

བསམ་བློའི་རྨང་གཞི་བརྟན་པོ་འཛུགས་དགོས།  བརྒྱུད་རིམ་ལྡན་པའི་ངང“མ་ལག་དམ་འཛིན་དང་གསར་གཏོད་དམ་འཛིན།  རྒྱུན་རྣམ་ཅན་གྱི་དམ་འཛིན་བཅས་བྱེད་པའི”བསམ་ཕྱོགས་ལྟར།  “ཚལ་ཐོ་རྣམ་པའི་སློབ་ཁྲིད་ཁྱབ་གདལ་བཏང་ནས“ཚད་གཞི་ཅན”གྱི་དཔེ་དེབ་བཟོས་ཏེ།  ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས།  

སྲ་ཞིང་བརྟན་པའི་བཙན་རྫོང་བསྐྲུན་དགོས།  གཞི་རིམ་རྩ་འཛུགས་ལེགས་སྐྱོང་བྱ་རྒྱུ་དེ་གལ་ཆེན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ།  ཏང་ཨུའི(ཏང་ཙུའུ)ཚན་ཁག་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ནུས་པ་ཞན་པའི་ཏང་ཀྲི་པུའུ་ཡི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ།  “གཙོ་འགན་འཁུར་བའི”ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་ཡོངས་སུ་འཁུར་བར་སྐུལ་འདེད་གཏོང་བ་དང་།  ཀྲི་པུའུ་འཛུགས་སྐྱོང་བྱེད་པར་དུས་ཐོག་ཏུ་ཁྲིད་སྟོན་བྱེད་པ།  ཧྲུའུ་ཅིའི་འགན་འཁྲིའི་ཞིབ་ཐོ་གཏན་འབེབས་བྱེད་པ་བཅས་བྱས་ནས།  གཙོ་གནད་གཤམ་སྒྱུར་དང་སྟོབས་ཤུགས་གཤམ་དུ་འདོན་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། 

ནང་སྐྱེས་སྒུལ་ཤུགས་སྲ་བརྟན་དུ་གཏོང་དགོས།  ཏང་ཀྲི་པུའུ་ཡི་ཚད་ལྡན་འཛུགས་སྐྱོང་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། 《ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་དཔྱད་ཞིབ་དམིགས་ཚད》དང《ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཚད་ལྡན་ཅན་གྱི་ལས་ཀའི་དཔེ་དེབ》བཟོས་ནས། “1+4”ཡི་ཏང་འཛུགས་སྐྱོང་གི་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་ལམ་སྲོལ་བཙུགས།  ཏང་ཡོན་གྱི་ཐོབ་ཐང་མཉམ་འབྲེལ་ཞིབ་བཤེར་བྱེད་པའི་ལམ་ལུགས་ཁྱབ་སྤེལ་དུ་བཏང་ནས།  ཏང་ཡོན་གྱི་འཕེལ་རྒྱས་བརྒྱུད་རིམ་དོ་དམ་དང་ཞིབ་བཤེར་གཏན་འབེབས་བྱེད་ཤུགས་ཆེ་རུ་གཏོང་དགོས།   “ལྔ་བཟང་དྲུག་ལྡན”གྱི་ཚད་གཞིར་དམིགས་ཏེ།  ཧུར་ཐག་གིས་དཔེ་སྟོན་ཏང་ཀྲི་པུའུ་གསར་འཛུགས་བྱས་ནས། ཁྱད་ཆོས་འབུར་ཐོན་དང་མཉམ་འདྲེས་གང་ལེགས།  གྲུབ་འབྲས་མངོན་གསལ་བཅས་ཡིན་པའི་ཏང་ལེགས་སྐྱོང་གི་ཚོང་རྟགས་གྲགས་ཅན་མང་པོ་བསྐྲུན་དགོས། 

འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས།   “དྲ་ཐོག”ཏུ་གསོ་སྦྱོང་བྱས་ནས་རིམས་འགོག་དང་སློབ་སྦྱོང་གཉིས་ཀར་འགོར་འགྱངས་མི་བྱེད་པར་འགན་ལེན་བྱེད་དགོས།  གཞུང་ཞབས་པའི་དཔྱད་ཞིབ་དང་ཟུང་འབྲེལ་བྱས་ནས“གདོང་མཚོངས་པ་དྲུག”དཔྱད་འདེམས་བྱེད་པ་དང་།  ཐུན་མོང་དུ་བཅའ་སྡོད་དང་མཉམ་སྐྲུན་བྱེད་པའི་ལམ་སྲོལ་བཙུགས་ནས།  ལས་བྱེད་པའི་ཧུར་ཐག་རང་བཞིན་དང་རང་འགུལ་རང་བཞིན།  གསར་གཏོད་རང་བཞིན་བཅས་ལ་ཁྱོན་ཡོངས་ནས་སྐུལ་སློང་བྱ་དགོས།  ཏང་ཡོན་ལས་བྱེད་པས“འཕེལ་རྒྱས”ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་ཏེ།  དངོས་སུ་ལག་བསྟར་བྱེད་པར་ཁྲིད་སྟོན་བྱ་དགོས།   རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དང་བླངས་ལས་དོན་ཁྲོད།  བསྡོམས་པས་སྐུལ་སློང་ལས་ཁུངས་ཀྱི་ཏང་ཡོན་མི་ཐེངས3000ཟིན།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།