མཚོ་ནུབ་ཁུལ་གྱིས་ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་མཁོ་སྤྲོད་འགན་ལེན་ལ་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མིག་སྔར་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས།  རིམས་ནད་ཀྱིས་ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་མཁོ་སྤྲོད་འགན་ལེན་ལ་ཤུགས་རྐྱེན་ཐེབས་ཚད་ནུས་ལྡན་ངང་ཆུང་དུ་གཏོང་ཆེད།  ཉེ་དུས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཤིང་ནུས་ཤུགས་བཏོན་ཏེ་ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་མཁོ་སྤྲོད་འགན་ལེན་ལ་ཕྱོགས་གཉིས་ཀྱི་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱས། 

ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་མཁོ་སྤྲོད་འགན་ལེན་བྱེད་པའི་ལྷུ་ཚིགས་ཀྱི་གནད་དོན་དང་དཀའ་ངལ་ལ་དམིགས་ནས།  མཚོ་ནུབ་ཁུལ་གྱིས《ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་གི་མཁོ་སྤྲོད་འགན་ལེན་ལས་དོན་སྤྱི་འདོམས་ངང་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》དུས་ཐོག་ཏུ་འགྲེམས་སྤེལ་བྱས་ནས།  ཁུལ་རིམ་པའི་ནོར་སྲིད་མ་དངུལ་སྒོར་ཁྲི918.57དོན་འཁྱོལ་བྱ་རྒྱུར་མཐུན་སྦྱོར་བྱས་ཏེ།  ཁུལ་ཡོངས་ཀྱི་ས་ཁུལ་ཁག་གི་ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་གི་མཁོ་སྤྲོད་འགན་ལེན་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུར་སྤྱད་པ་དང་།  ས་ཁུལ་ཁག་གིས་ཐབས་ལམ་མང་པོ་སྤྱད་དེ་མ་དངུལ་གྲབས་གསོག་བྱས་ནས།  ཞིང་ཕྱུགས་ཐོན་རྫས་བྲིན་ཚོང་ལ་ཁྲིད་སྟོན་དང་རྒྱབ་སྐྱོར་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ།  དེ་དང་ཆབས་ཅིག  ཕྱོགས་སོ་སོའི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ།  ལས་ཀའི་ཆེད་ལས་འཛིན་གྲྭ་སྐོང་འཐེན་བྱས་ནས་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང་སྐྱེལ་འདྲེན།  བྲིན་ཚོང་སོགས་ལྷུ་ཚིགས་ཀྱི“འགག་གནད”དང“འགག་གནས”ཀྱི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ངང་ཐག་གཅོད་བྱས་པར་མ་ཟད།  “ཉིན་རེའི་བཀོད་གཏོང་དང་ཉིན་རེའི་བརྡ་ཁྱབ”ཀྱི་བརྒྱུད་རིམ་ཧྲིལ་པོས་ས་ཁུལ་སོ་སོའི་ཞིང་ཕྱུགས་ཐོན་རྫས་བྲིན་ཚོང་དང་མཛོད་ཉར་གནས་ཚུལ་ཁོང་དུ་ཆུད་པར་བྱས།  ས་ཁུལ་ཁག་གིས་སྔོན་ལ་ཁོངས་གཏོགས་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་སྐྱེལ་འདྲེན་བྱེད་པའི་དགོས་མཁོ་དང་།  དུས་ཐོག་ཏུ་མི་སྣ་དང་རླངས་འཁོར།  སྐྱེལ་འདྲེན་དུས་ཚོད།  འགྲོ་སྐྱོད་ལམ་ཐིག་སོགས་ཀྱི་གཞི་རྩའི་ཆ་འཕྲིན་ཁོང་དུ་ཆུད་པར་བྱས་ནས་སྒོ་རྒྱག་དོ་དམ་གྱི་བྱ་ཐབས་སྤྱད་དེ།  གནད་སྨིན་འབྲེལ་མཐུད་བྱས་ནས་ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་དང་།  མཁོ་སྤྲོད་འགན་ལེན་བྱ་ཆེད“ལྗང་མདོག་བགྲོད་ལམ”བཏོད། 

ན་གོར་མོ་གྲོང་ཁྱེར་གྱིས་ས་གནས་དེ་གའི་བཟོ་གཏེར་ཁེ་ལས་ཆེ་གྲས་སོགས་དང་འབྲེལ་མཐུད་བྱས་ཏེ།  ལུག་ཤ་དང་སྐམ་ཤ་ཉོས་ནས་ཧུར་ཐག་གིས་དགོས་མཁོ་ཆེ་རུ་བཏང་།  ཏུའུ་ལན་རྫོང་གིས་ཞིང་ཆེན་ཕྱི་ནང་གི་བར་ཁེ་བ་ནང་འདྲེན་བྱས་ནས་བྲིན་ཚོང་བྱེད་དུ་བཅུག་པས།  ནོར་ལུག་གི་ཉིན་རེའི་ཉོ་ཚོང་བྱེད་ཚད5000ཡན་བརྟན་འཇགས་སུ་བཏང་།  ཝུའུ་ལེན་རྫོང་གིས་ཕྱུགས་ཟོག་གི་ཉོ་ཚོང་ཁྲོམ་རའི་བར་ཁེ་བའི་མཉམ་གཉེར་ལམ་སྲོལ་ལག་བསྟར་བྱས་ནས།  ཕྱུགས་ཟོག་ཕྱིར་འཚོང་གི་ཚད་ལ་བརྟན་འཇགས་ངང་འགན་ལེན་བྱས་པ་དང་།  ཐེམ་ཆེན་རྫོང་གིས་ཕྱུགས་ཟོག་ཉོ་ཚོང་བྱེད་ས་དང་བརྒྱུད་འདྲེན་བྱེད་ས་བཙུགས་ཏེ།  སྲིད་ཇུས་ཀྱི་ཁ་གསབ་དོན་འཁྱོལ་བྱས་ནས་ཕྱུགས་ཟོག་ཕྱིར་ཚོང་བྱེད་རྒྱུར་སྐུལ་འདེད་བཏང་།  ཞིང་ཕྱུགས་སྡེ་ཁག་གིས་ས་ཁོངས་ཀྱི་ཉོ་སྒྲུབ་སྲིད་ཇུས་ལག་བསྟར་བྱས་ནས།  གཙོ་གནད་ཁེ་ལས་ཀྱིས་ས་ཆ་འགན་གཙང་ལེན་གྱི་ཉོ་སྒྲུབ་བྱ་རྒྱུར་ཁྲིད་སྟོན་བྱས་པ་དང་།  ཚོང་དོན་སྡེ་ཁག་གིས་ལུག་ཤ་དང་སྐམ་ཤ།  ཕག་ཤ་གྲབས་གསོག་གི་ལས་འགན་དོན་འཁྱོལ་བྱས་ནས།  ཞིང་པར་རོགས་སྐྱོར་བྱས་ནས་སྤྱི་ཕན་ཐད་གཏོང་སྟེང་ཚོང་ཟོག་འཚོང་བའི་སྐུལ་སློང་བྱས།   དངུལ་རྩའི་སྡེ་ཁག་གིས་སྒོར་ཁྲི2400ལྷག་ཙམ་གྱི་དངུལ་རྩའི་དངུལ་བུན་དོན་འཁྱོལ་བྱས་ནས།  གཙོ་གནད་ཁེ་ལས་ཀྱིས་ཕྱུགས་རིགས་ཉོ་སྒྲུབ་ལ་རྒྱབ་སྐྱོར་བྱས།  མིག་སྔར།  ཁུལ་ཡོངས་སུ་ནས་དང་གྲོ།  སྐེ་ཚེ་སོགས་ཏུན་ཁྲི8.30དང་།  འཕང་འབྲས་ཏུན་ཁྲི5.56།  ནོར་ལུག་དང་ཕག་ཁྲི128.02བཅས་ཕྱིར་འཚོང་བྱས།  ། 

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།