ཀྲུང་གོ་བོད་ཀྱི་དྲ་བ།

ཟླ1པོ་ནས་ཟླ10པའི་བར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནོན་ཤུགས་བསྟུད་མར་སླར་གསོ་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུའུ་ནས་ཤེས་གསལ་ལྟར་ན། ད་ལོའི་རིང་ལ། རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་། སྔོན་དཔག་ལས་བརྒལ་བའི་རྡུང་རྡེག་ལ་གདོང་གཏད་དེ། ཞིང་ཆེན་ཡོངས་ཀྱི་ས་གནས་དང་སྡེ་ཁག་སོ་སོས་གཏན་འཇགས་ཁྲོད་ཡར་སྐུལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་འགོག་པ་དང་། དཔལ་འབྱོར་གཏན་འཇགས་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བའི་བླང་བྱ་གལ་ཆེན་ལྟར། ནུས་མཐོའི་གཅིག་གྱུར་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་བཏང་ནས། མགྱོགས་མྱུར་ངང་དཔལ་འབྱོར་སྲིད་ཇུས་དང་རྗེས་མཐུད་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་བྱས། ཟླ10པའི་ཟླ་སྨད་དུ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྒྲིག་གཞི་སྙོམས་སྒྲིག་ཚུལ་སྒྱུར་རིམ་སྤར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་སྟངས་འགྱུར་མེད་པ། “གནས་བཞི” འཛུགས་སྐྲུན་ཕན་འབྲས་མངོན་གསལ་ཡིན་ལ། ལག་རྩལ་མཐོ་བ་དང་ནུས་ཁུངས་གསར་བའི་ཐོན་ལས་མགྱོགས་མྱུར་ངང་འཚར་ལོངས་བྱུང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནོན་ཤུགས་བསྟུད་མར་སླར་གསོ་བྱུང་།

བཟོ་ལས་ཐོན་སྐྱེད་མགྱོགས་མྱུར་ངང་འཕར་སྣོན་བྱུང་བ་དང་། གསར་དར་ཐོན་ལས་འཕེལ་རྒྱས་ཀྱི་གནས་སྟངས་ལེགས། ཟླ1པོ་ནས་ཟླ10བའི་བར། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་བའི་རིན་ཐང་དུས་མཉམ་ལས14.5%འཕར། འཕར་སྣོན་མྱུར་ཚད་ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་ཚེག6.2འཕར་ཞིང་། རྒྱལ་ཡོངས་ཀྱི་དུས་མཉམ་གྱི་ཆ་སྙོམས་འཕར་ཚད་ཀྱི་བརྒྱ་ཆའི་ཚེག10.5ལས་མཐོ། གཙོ་གནད་ལས་རིགས་ཀྱི་ནུས་པ་མངོན་གསལ་ཡིན། རྩིས་འཁོར་འཕྲིན་གཏོང་དང་རྫས་འགྱུར། གློག་རླངས་འཕྲུལ་ཆས་བཅས་ལས་རིགས་གསུམ་སོ་སོར་ལྡབ2.2དང28.1% དེ་མིན79.3%འཕར། སོ་སོར་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་མྱུར་ཚད་བརྒྱ་ཆའི་ཚེག9.3དང6.1དང་བརྒྱ་ཆའི་ཚེག3.9བཅས་ཡིན། ལག་རྩལ་མཐོ་བའི་འཕར་བའི་རིན་ཐང་དུས་མཉམ་ལས87.8%འཕར་བ་དང་། སྒྲིག་ཆས་ལས་བསྣོན་འཕར་བའི་རིན་ཐང་ལྡབ1.4འཕར།

ཁྱད་ལྡན་ཐོན་རྫས་ཐོན་ཚད་ཀྱི་འཕར་སྣོན་མྱུར་ཚད་མཐོ། ཟླ1པོ་ནས་ཟླ10པའི་བར། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཐོན་རྫས་ཁྲོད། ཏན་ཅིན་ཀོས་ཐོན་ཚད་ལྡབ4.7དང་། ཐན་ཞན་བའེ་འཕར་ཚད་ལྡབ2.0 འོད་སྐུད་འཕར་ཚད་ལྡབ1.3ཡིན་པ་དང་། ཉི་འོད་ནུས་པའི་གློག་གཡིས་འཕར་ཚད་ལྡབ1.1ཡིན་པ་དང་། ཏན་ཅིན་ཀོས་འཕར་ཚད82.9%དང་། ཐན་སོན་ལིའི་འཕར་ཚད22.5ཡིན། ཅཱ་ལུད་འཕར་ཚད9.0%ཡིན། མཐོ་རིམ་ལག་རྩལ་དངུལ་གཏོང་ཡར་འཕར། ཁྱབ་ཁོངས་ནས་བལྟས་ན། བཟོ་ལས་དངུལ་གཏོང་འཕར་ཚད31.9%ཡིན་པ་དང་། མཐོ་རིམ་ལག་རྩལ་ལས་སྣོན་ལས་རིགས་ཀྱི་དངུལ་གཏོང་འཕར་ཚད81.3%ཡིན་ལ། ནུས་ཁུངས་གསར་བའི་ལས་གཞིའི་དངུལ་གཏོང་32.3%འཕར།

འགྲིམ་འགྲུལ་དངུལ་རྩའི་གཞོགས་འདེགས་ནུས་ལྡན་ཡིན་པ་དང་། གློག་འཕྲིན་ཅུང་མགྱོགས་པའི་འཕེལ་རྒྱས་རྒྱུན་འཁྱོངས་བྱས། ཟླ1པོ་ནས་ཟླ10པའི་བར། ཞིང་ཆེན་ཡོངས་ཀྱི་དངོས་ཟོག་སྐྱེལ་འདྲེན་ཚད་དུས་མཉམ་ལས6.2%འཕར། དེའི་ཁྲོད་དུ་གཞུང་ལམ་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད8.4%འཕར།

དངུལ་རྩའི་ཡིད་རྟོན་དངུལ་བུན་གཏན་འཇགས་ཡིན། ཟླ10པའི་ཟླ་སྨད་དུ། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་སྡེ་ཁག་གི་མི་དམངས་ཤོག་སྒོར་གསོག་དངུལ་ལྷག་སྒོར་དུས་མཉམ་ལས8.6%འཕར། དངུལ་རྩའི་སྡེ་ཁག་གི་མི་དམངས་ཤོག་སྒོར་བསྐྱི་དངུལ་ལྷག་སྒོར་དུས་མཉམ་ལས་3.6%འཕར། ཟླ1པོ་ནས་ཟླ9བའི་བར། ཞིང་ཆེན་ཡོངས་ཀྱི་གློག་འཕྲིན་ལས་གཉེར་འཕར་ཚད28.0%འཕར་བ་དང་། འཕར་སྣོན་མྱུར་ཚད་ཟླ1པོ་ནས་ཟླ8པའི་བར་བརྒྱ་ཆའི་ཚེག0.8ཡིན་ལ། སྤོ་སྒུལ་དྲ་རྒྱའི་བཞུར་ཚད28.5%ཡིན།

མ་རྩའི་འགན་སྲུང་ལེགས་པ་དང་དམངས་འཚོའི་ཕྱིར་གཏོང་ཤུགས་ཚད་ཇེ་ཉུང་དུ་བཏང་མེད། ཟླ1པོ་ནས་ཟླ10པའི་བར། ཞིང་ཆེན་ཡོངས་ཀྱི་སྤྱི་བའི་སྔོན་རྩིས་ཕྱིར་གཏོང་སྒོར་དུང་ཕྱུར1505.1ཡིན་པ་དང་། དུས་མཉམ་ལས8.7%འཕར། དེའི་ཁྲོད། འགྲིམ་འགྲུལ་སྐྱེལ་འདྲེན་ཕྱིར་གཏོང་འཕར་ཚད48.9%ཡིན་པ་དང་། ཚོང་ལས་ཞབས་ཞུའི་ལས་རིགས་ཀྱི་འགྲོ་གྲོན་འཕར་ཚད33.7%ཡིན་ལ། མཁར་ཤང་གཞིས་ཁུལ་ཕྱིར་གཏོང་འཕར་ཚད32.8%ཡིན། གནོད་འཚེའི་འགོག་བཅོས་དང་འཕྲལ་བསྟུན་དོ་དམ་ཕྱིར་གཏོང་འཕར་ཚད30.7%ཡིན་པ་དང་། ནུས་ཁུངས་གྲོན་ཆུང་ཕྱིར་གཏོང་25.2%འཕར། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཕྱིར་གཏོང་འཕར་ཚད16.0%ཡིན་པ་དང་། ཞིང་ལས་ནགས་ལས་ཆུའི་ཕྱིར་གཏོང1.5%བཅས་འཕར་ཡོད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།