ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་རྨ་སྟོད་རྫོང་དུ་བྲིན་ཚོང་ཐབས་ལམ་ཤར་གཏོང་ཐུབ་ནས་འབྲོག་པར་ཡོང་སྒོ་འཕར་བར་རོགས་རམ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གངས་བསོད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས17ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྨ་སྟོད་རྫོང་ཨུ་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།    རྨ་ཆུའི་འགོ་ཁུངས་ཀྱི་འབྲོག་པའི་ཡོང་སྒོ་ཇེ་ལེགས་དང་ཕྱུག་འགྱུར་ཡོང་ཆེད།    ས་ཁུལ་དེའི་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག     ཐབས་བརྒྱ་ཇུས་སྟོང་སྒོས་རྒྱུགས་ཆེ་བའི་ཚོང་ཟོག་ཤར་གཏོང་ཐུབ་ནས་ས་གནས་དེ་གའི་འབྲོག་པའི“སེམས་ཁྲལ་དང་རེ་སྒུག”གི་གནད་དོན་ཐག་གཅོད་བྱས་པ་རེད།     

རྨ་སྟོད་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་རྒྱུད་དུ་གནས་ཤིང་། ཆ་སྙོམས་ས་བབ་སྨི4500ཡན་དུ་གནས་ཡོད།    མཚོ་སྔོན་ཞིང་ཆེན་གྱི་ས་བབ་མཐོ་ཤོས་ཀྱི་རྫོང་ཞིག་ཡིན་པ་དང་།   སྣོད་བཅུད་གནས་བབ་མངོན་གསལ་དོད་པོ་ཡོད་པས་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཞིག་ཡིན།     རྨ་སྟོད་རྫོང་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་གླིང་གི་སྲུང་སྐྱོང་ས་ཁུལ་གྱི་གཙོ་བོའི་གྲས་ཤིག་ཡིན།     དུས་རབས20པའི་ལོ་རབས60པ་ནས་ལོ་རབས80པའི་བར་རྨ་སྟོད་ནི་རྒྱལ་ཡོངས་འབྲོག་ལས་ཀྱི་ཕྱོགས་ནས་ཕྱུག་འགྱུར་དུ་ཕྱིན་པའི་རྫོང་དང་པོ་དེ་ཡིན་པ་དང་རྫོང་དེ་ཡོངས་སུ་མི6000ཙམ་ལ་ཕྱུགས་རིགས་མགོ་གྲངས་ཁྲི70ཡོད།     

ངོ་སྤྲོད་བྱས་པར་གཞིགས་ན།    ཉེ་ཆར།     རྨ་ཆུའི་ཆུ་འགོར་གནས་པའི་མཚོ་སྐྱ་རེངས་ཤང་གྲོང་ཚོའི་འབྲོག་ཁྱིམ་དུ་བཤས་ཟིན་པའི་སྐམ་ཤ130འཕྲལ་མར་ཟི་ལིང་གྲོང་ཁྱེར་གྱི་ཧོང་ཡོན་རྫོང་དུ་དབོར་དགོས་པས།  རིམས་ནད་ཀྱིས་འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་ལ་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དང་ནུས་ལྡན་དུ་གཏོང་ཆེད། ས་གནས་དེ་གའི་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྱོན་ཡོངས་ནས་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་དོན་མི་སྣས་བསྟུད་མར་ཉིན་ཤས་རིང་ཕྱུགས་རིགས་བཤས་གཏོང་དང་ཐོ་འགོད། རླངས་འཁོར་ལེན་པ། ཞིབ་བཤེར། དུག་སེལ། དངོས་ཟོག་སྐྱེལ་བ། རིམས་ནད་ཞིབ་བཤེར་སོགས་ཀྱི་གོ་རིམ་ཡོད་ཚད་ནན་ཏན་སྒོས་འབྲོག་པའི་ཡོང་འབབ་འཕར་བར་རོགས་རམ་བྱས་ནས་མང་ཚོགས་ཀྱི“སེམས་ཁྲལ་དང་རེ་སྒུག”གི་གནད་དོན་ཐག་གཅོད་གང་ལེགས་བྱས་པ་རེད།     

མཚོ་སྐྱ་རེངས་ཤང་ཕྱུགས་རིགས་སྨན་བཅོས་ས་ཚིགས་ཀྱི་ཀྲན་ཀྲང་དབྱང་ཧྥུའུ་རུང་གིས“ཐེངས་འདིའི་བརྒྱུད་རིམ་དེ་ནི་ནད་ཡམས་ཅུང་རྙོག་འཛིང་ཆེ་བར་གྱུར་པས།  ང་ཚོས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་བྲིན་ཚོང་ཐབས་ལམ་ཤར་བགྲོད་ཐུབ་པ་བྱས་ཏེ་ལས་ཕྱོད་ཆེ་ལ་གོ་རིམ་ལྡན་པའི་སྒོ་ནས་ལས་དོན་ཁག་ལེགས་སྒྲུབ་བྱེད་ཀྱི་ཡོད”ཅེས་བཤད།   

图为玛多藏羊。 玛多县委宣传部 供图

པར་འདི་ནི་རྨ་སྟོད་བོད་ལུག་རེད། 

རྨ་སྟོད་རྫོང་མཛོ་རྒན་ར་བ་གྲོང་རྡལ་དུ་མཚོ་རབ་གྲོང་ཚོའི་ཡུལ་མི་ཚོས་ཀྱང་ས་ཆ་དེ་གའི་སྣོད་བཅུད་འབྲོག་ལས་ཆེད་ལས་མཉམ་ལས་ཁང་བརྒྱུད་ནས་ཁེ་སྤོགས་རག་ཡོད། 

རྨ་སྟོད་རྫོང་མཛོ་རྒན་ར་བར་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་དཔའ་རྡོར་གྱིས“ད་ལོ་མཉམ་ལས་ཁང་ལ་ཁྱོན་ཁེ་སྤོགས་སྒོར་ཁྲི189.2བྱུང་བ་དང་ཁྱོན་དུད་ཚང209ཡི་མི680ལ་ཁེ་འབབ་བགོས་པ་དང་ཡོང་འབབ་སྒོར་ཁྲི148བྱུང་ཡོད། དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར7000བགོས་པ་དང་། མི་རེར་ཆ་སྙོམས་ཡོང་འབབ་སྒོར2349བྱུང་། དུད་ཚང་རེར་ཡོང་འབབ་མཐོ་ཤོས་སྒོར51680བྱུང་། སྒོར72760གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཁྲོད་བཅུག་པ་དང། གསོན་ཕྱུགས་བུན་གཏོང་གི་ཡོང་འབབ་སྒོར59299བཅས་བྱུང་བ་རེད”ཅེས་བཤད་པ་རེད།     

  རྨ་སྟོད་རྫོང་ཞིང་འབྲོག་དང་ཚན་རྩལ་ཅུའུ་ཡི་ལས་དོན་མི་སྣས།  ད་ལྟ་རྨ་སྟོད་རྫོང་གིས་གྲོང་ཚོ་ཁག་གི་སྐྱེ་ཁམས་འབྲོག་ལས་ཆེད་ལས་མཉམ་ལས་ཁང་དང་འབྲོག་ཁྱིམ་གྱིས་བཤས་ཟིན་པའི་བོད་ལུག་གཅིག་སྡུད་ཐོག་ཉོ་སྒྲུབ་བྱས་ཡོད།     “ཐོན་སྐྱེད་དང་ལས་སྣོན། ཕྱིར་ཚོང”བཅས་ཟུང་དུ་འབྲེལ་བའི་ཐོན་སྐྱེད་ཕྱིར་ཚོང་གི་འབྲེལ་ཐག་ཆག་པ་མ་ཟད། མགོ་ལོག་རྩྭ་ཐང་སྐྱེ་ལྡན་ཚགས་ཤ་ལས་སྣོན་ཚད་ཡོད་ཀུང་སི་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་སྐྱེལ་འདྲེན་དང་ལས་སྣོན། ཐུམ་སྒྲིལ། ཉར་ཚགས་སོགས་ཀྱི་དོན་དག་གྲོས་བསྡུར་བྱས་ཏེ་སྐྱེལ་འདྲེན་དང་བཤས་གཏོང་། ལས་སྣོན་བཅས་ཀྱི་འབྱུང་འགྱུར་གྱི་སེམས་ཁྲལ་བསལ་ནས“རྨ་སྟོད་བོད་ལུག”གི་སྤུས་རྟགས་བཏོད་དེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་འཕེལ་རྒྱས་ཟམ་མི་ཆད་པར་མངོན་འགྱུར་བྱས་པ་རེད།  དེ་དང་ཆབས་ཅིག་རྨ་སྟོད་རྫོང་གིས་ད་དུང་བཤས་ཟིན་པའི་ཕྱུགས་རིགས་དབོར་འདྲེན“ཐོགས་མེད་བགྲོད་ལམ”བཏོད་དེ་ཕྱུགས་རིགས་བཤས་གཏོང་ཚད་མང་དུ་བཏང་བ་དང་། འབྲོག་པའི་ཡོང་འབབ་མགྱོགས་མྱུར་འཕར་བ་དང་རྩྭ་ཐང་གི་སྣོད་བཅུད“ཇེ་ལེགས་སུ་ཕྱིན་པའི”ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་མངོན་འགྱུར་བྱུང་ལ། ཕྱུགས་རིགས་བཤས་གཏོང་ཚད་མང་དུ་བཏང་སྟེ། འབྲོག་ལས་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།  །

རྩོམ་སྒྲིག་པ། : གངས་བསོད།