ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་རྨ་སྟོད་རྫོང་གི་གནོད་རྗེས་བསྐྱར་སྐྲུན་གྱི་ཞིང་འབྲོག་མང་ཚོགས་ཀྱིDརིམ་པའི་སྡོད་ཁང་རྣམ་གྲངས་ཀྱི་ཐོག་མའི་ཞིབ་བཤེར་རྩིས་ལེན་ལེགས་འགྲུབ་བྱས་པ།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ། : གངས་བསོད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་མེད་གནམ་གྲུས་བླངས་པའི་གནོད་རྗེས་བསྐྱར་སྐྲུན་གྱི་ཞིང་འབྲོག་མང་ཚོགས་ཀྱིDརིམ་པའི་སྡོད་ཁང་ལས་གཞི།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས16ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྨ་སྟོད་རྫོང་ཨུ་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། གནོད་རྗེས་བསྐྱར་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་འབྲོག་ཁྱིམ་ཀྱི་སྡོད་ཁང་དགོས་མཁོར་གོ་རིམ་ལྡན་པའི་ངང་འགན་ལེན་བྱ་ཆེད། རྨ་སྟོད་རྫོང་གི“5·2”ས་ཡོམ་གནོད་རྗེས་བསྐྱར་སྐྲུན་གྱི་མཛོ་རྒན་རྭ་བར་གྲོང་རྡལ་གྱི་ཞིང་འབྲོག་པའིDརིམ་པའི་སྡོད་ཁང་ལས་གཞི་ལ་ཐོག་མའི་ཞིབ་བཤེར་རྩིས་ལེན་ཐོབ་པ་དེའི་ཐོག་ནས་རྨ་སྟོད་ཀྱི“5·2”ས་ཡོམ་གནོད་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་མཚོན་ཡོད་པ་རེད།   

2021ལོའི་ཟླ5པའིི་ཚེས22ཉིན་གྱི་ཆུ་ཚོད2དང་སྐར་མ4སྟེང་།  མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ས་ཡོམ་རིམ་པ7.4བརྒྱབ་ནས་རྫོང་ཡོངས་ཀྱི་ཤང2དང་གྲོང་རྡལ2ཀྱི་དུད་ཚང6200ཡི་མི14490ལ་གནོད་འཚེ་ཕོག་པ་དང་།  ཁང་པ1665ལ་གནོད་སྐྱོན་ཐེབས།

ངོ་སྤྲོད་བྱས་པར་གཞིགས་ན།    རྨ་སྟོད་རྫོང་གི་ཞིང་འབྲོག་པའིDརིམ་པའི་སྡོད་ཁང་བསྐྱར་སྐྲུན་རྣམ་གྲངས་ནི་རྨ་སྟོད་རྫོང་གི“5·2”ས་ཡོམ་བྱུང་རྗེས་སླར་གསོའི་བསྐྱར་སྐྲུན་ལས་དོན་གྱི་གཙོ་གནད་ལས་གཞི་ཞིག་དང་།   ས་ཡོམ་བྱུང་རྗེས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྡོད་ཁང་དཀའ་ངལ་དང་བཀོད་སྒྲིག་བྱེད་དཀའ་བའི་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་བྱེད་པའི་དམངས་འཚོའི་ལས་གཞི་ཅིག་ཡིན།     

རྨ་སྟོད་རྫོང་གི“5.22”གནོད་རྗེས་སླར་གསོ་བསྐྱར་སྐྲུན་བཀོད་འདོམས་པུའུ་དང་།   མཛོ་རྒན་རྭ་བར་གྲོང་རྡལ་སྲིད་གཞུང་།    སྡོད་ཁང་འཛུགས་སྐྲུན་ཅུའུ།    རྣམ་གྲངས་དོ་དམ་ཀུང་སི་བཅས་ཀྱིས་ཆེད་དོན་ཞིབ་བཤེར་རྩིས་ལེན་ལས་དོན་ཚོགས་ཆུང་བཙུགས་ནས།  ཡུལ་དངོས་ཞིབ་བཤེར་རྩིས་ལེན་གྱི་དཔྱད་གཞི་ལྟ་ཀློག་བྱས་རྗེས་རྩད་ཞིབ་དང་།    ཇུས་འགོད།    ཨར་སྐྲུན།    ལྟ་སྐུལ་དོ་དམ་སོགས་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་སྒྲིག་འཛུགས་བྱས་ནས་ལས་གྲུབ་ཞིབ་བཤེར་རྩིས་ལེན(ཐོག་མའི་ཞིབ་བཤེར)གྱི་ལས་དོན་ཚོགས་འདུ་འཚོགས་པ་རེད།     ཞིབ་བཤེར་རྩིས་ལེན་ཚོགས་ཆུང་དང་ཚོགས་ཞུགས་འཐུས་མིས་བསྐྱར་སྐྲུན་ལས་གཞི་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་གི་འཛུགས་སྐྲུན་སྤུས་ཚད་དེ་ཇུས་འགོད་ཚད་ལྡན་གྱི་བླང་བྱ་དང་མཐུན་པ་དང་།    གནོད་རྗེས་བསྐྱར་སྐྲུན་གྱི“གཞི་རྩའི་འགན་ལེན་དང་།    དམངས་འཚོར་འགན་ལེན།    གཙོ་གནད་འགན་ལེན”བཅས་ཀྱི་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་མངོན་པར་མཚོན་ལ།    སྤྱི་ཡོངས་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་དང་མཐུན་པས། ཐོག་མའི་ཞིབ་བཤེར་རྩིས་ལེན་ཐོབ།     

མགོ་ལོག་ཁུལ་རྨ་སྟོད་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུའུ་ཡིས“ང་ཚོས་གནོད་རྗེས་བསྐྱར་སྐྲུན་རྣམ་གྲངས་ལ་ལྟ་སྐུལ་དོ་དམ་བྱ་བ་མུ་མཐུད་དུ་ཆེ་རུ་བཏང་ནས་རྣམ་གྲངས་དུས་བཀག་ལྟར་ལས་མཇུག་འགྲིལ་རྒྱུར་འགན་ལེན་བྱས་ཏེ་མང་ཚོགས་མགྱོགས་མྱུར་ངང་སྡོད་ཁང་གསར་པར་སྡོད་པར་འགན་ལེན་བྱ་རྒྱུ་ཡིན”ཞེས་བཤད།།

རྩོམ་སྒྲིག་པ། : གངས་བསོད།