ཀྲུང་གོ་བོད་ཀྱི་དྲ་བ།

ཐེམ་ཆེན་རྫོང་གིས་བྱེད་ཐབས་མང་སྣ་མང་སྤྱད་དེ་ཕྱུགས་ཟོག་ཕྱིར་འཚོང་བྱེད་པར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས14ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ཞིང་ཕྱུགས་སྡེ་ཁག་ནས་ཤེས་གསལ་ལྟར་ན།  ད་ནི་ཕྱུགས་རིགས་གཅིག་སྡུད་གོས་ཕྱིར་ཚོང་བྱེད་པའི་དུས་ཚིགས་སུ་སླེབས་ཡོད་པས།  ཐེམ་ཆེན་རྫོང་གིས་སྲིད་ཇུས་དྲིལ་སྒྲོག་དང་།  ཆེད་ལས་ཚོང་གཉེར་དཔུང་ཁག་སྒྲིག་འཛུགས།  “ལྗང་མདོག་བགྲོད་ལམ”མཐུན་སྦྱོར་ངང་འཛུགས་པ།  ཕྱུགས་རིགས་ཕྱིར་ཚོང་ལ་ཁ་གསབ་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་དེ།  འབྲོག་པ་ཚོས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཕྱུགས་རིགས་ཕྱིར་ཚོང་བྱེད་པའི་འཆར་གཞིར་འགན་ལེན་བྱས།  མིག་སྔའི་བར།  རྫོང་ཡོངས་ཀྱིས་བསྡོམས་པས་ཕྱུགས་ཟོག་ཁྲི23.94ཕྱིར་ཚོང་བྱས། 

མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་ཀྱི་གནས་བབ་ལ་དམིགས་ནས།  གོ་རིམ་ལྡན་པའི་ངང་ཕྱུགས་ཟོག་ཕྱིར་ཚོང་དང་དམངས་འཚོའི་བདེ་སྐྱིད་ནུས་ལྡན་ངང་འགན་ལེན་བྱ་ཆེད།  ཐེམ་ཆེན་རྫོང་གིས《ཐེམ་ཆེན་རྫོང་གི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་ཀྱི་ཕྱུགས་ཟོག་ཕྱིར་ཚོང་འགན་ལེན་བྱེད་པའི་ལས་དོན་གྱི་བྱེད་ཐབས་འགའ་ཞིག》ལ་ཞིབ་འཇུག་དང་གཏན་འབེབས་བྱས།   མིག་སྔར།  མི22ལ་ཡིག་ཚགས་བཟོས་ནས།  ཁེ་ལས་སོ་སོ་དང་ནོར་ལུག་གི་བར་ཁེ་བ།  འབྲོག་ཁྱིམ་སོགས་ལ་འཕྲད་པའི་དཀའ་ངལ་དང་གནད་དོན21མཐུན་སྦྱོར་ངང་ཐག་གཅོད་བྱས། 

“ལྗང་མདོག་བགྲོད་ལམ”གྱི་ལམ་ལུགས་མཐུན་སྦྱོར་ངང་བཙུགས་ནས།  ཞིང་ཕྱུགས་ཐོན་རྫས་ཟོག་འདྲེན་རླངས་འཁོར་འབྲེལ་མཐུད་ལས་དོན་གྱི་ཆེད་མངགས་འཛིན་གྲྭ་སྒྲིག་འཛུགས་བྱས་ཏེ།  ཕྱུགས་ལས་ཐོན་རྫས་སྐྱེལ་འདྲེན་རླངས་འཁོར་ཤར་བགྲོད་ཐུབ་པ་བྱེད་དགོས།  དེའི་སྐབས་སུ།  ཟོག་འདྲེན་རླངས་འཁོར་ལ་དོ་དམ་བཟང་པོ་དང་ཆེད་མི་བཀོད་སྒྲིག་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་དང་སྐྱེལ་འདྲེན་རླངས་འཁོར་གྱི་ལམ་ཐིག་གཏན་འཁེལ་བྱས་ནས།  ཁྱོན་ཡོངས་ནས་དུག་སེལ་ལས་དོན་སྒྲིག་འཛུགས་བྱས་ཏེ།  རྫོང་ནང་ཁུལ་གྱི་ཕྱུགས་ཟོག་སྐྱེལ་འདྲེན་ཞབས་ཞུའི་དགོས་མཁོ་འགན་ལེན་བྱས།  མིག་སྔར།  རླངས་འཁོར121མངགས་ནས་མང་ཚོགས་ལ་ནོར240དང་། ལུག27360སྐྱེལ་འདྲེན་བྱེད་རོགས་བྱས། 

དེ་དང་ཆབས་ཅིག  ཧུར་ཐག་གིས་ཉོ་སྒྲུབ་ཞབས་ཞུ་དང་དངུལ་རྩའི་དངུལ་བུན་སོགས་འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱས་ནས།  མ་དངུལ་ཐད་དཀའ་ངལ་ཡོད་པའི་སྣེ་འདྲེན་ཁེ་ལས་དང་།  མཉམ་ལས་ཁང་།  གྲོང་ཚོ་བཅས་ཀྱི་མཉམ་སྡེབ་དཔལ་འབྱོར་ལ་མཐུན་སྦྱོར་ངང་དངུལ་བུན་སྒོར་ཁྲི1450བཏང་།  རྫོང་ནང་ཁུལ་གྱི་གྲོང་སྡེའི་ཐུན་མོང་གི་དཔལ་འབྱོར་རྩ་འཛུགས་དང་།  མཉམ་ལས་ཁང་།  ཁེ་ལས་ཆུང་གྲས་བཅས་ཀྱི་ཕྱུགས་ལས་ཐོན་རྫས་ལས་སྣོན་བཤས་གཏོང་དང་། བྲིན་འཚོང་བྱེད་པར་བསྔགས་སྐུལ་བྱས་ནས།  རྫོང་སྲིད་གཞུང་གིས་ཏུན་རེར་སྒོར600ཡི་ཚད་གཞི་བྱས་ནས“འཁྱགས་སྦྲེལ་གྲོན་དངུལ”ཁ་གསབ་བྱས་པ་མ་ཟད།  མང་ཚོགས་ཀྱིས“གསོད་མི་ཕོད་པ་དང་བཙོང་མི་ཕོད་པའི”སྲོལ་རྒྱུན་གྱི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུར་ཧུར་ཐག་གིས་ཁྲིད་སྟོན་བྱས་ནས།  འབྲོག་པ་མང་ཚོགས་ལ་དཔལ་འབྱོར་གྱི་རྩིས་དང་།  སྐྱེ་ཁམས་ཀྱི་རྩིས་ཡག་པོ་རྒྱག་རོགས་བྱས་པར་མ་ཟད།  འབྲོག་པ་མང་ཚོགས་ལ་ཚོང་ཟོག་གི་འདུ་ཤེས་འཛུགས་རྒྱུའི་ཁྲིད་སྟོན་དང་ཕྱུགས་ཟོག་ཕྱིར་ཚོང་བྱེད་རོགས་བྱས།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།