ཀྲུང་གོ་བོད་ཀྱི་དྲ་བ།

ན་གོར་མོ་གྲོང་ཁྱེར་དུ་དངོས་ཟོག་མྱུར་སྐྱེལ་གནའ་འབྲེལ་ཏང་ཀྲུ་པུའུ་ཐོག་མ་བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས17ཉིན།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་དངོས་ཟོག་མྱུར་སྐྱེལ་གནའ་འབྲེལ་ཏང་ཀྲུ་པུའུ་ཐོག་མ་བདེ་བླག་ངང་སྒོ་བྱང་འགེལ་བ་དང་། དེས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ལས་ཀ་གསར་སྐྲུན་དང་ལས་ཞུགས་གསར་སྐྲུན་ཕྱོགས་ཀྱི་ཏང་འཛུགས་བྱ་བར་ཐོལ་བརྒལ་ཆེན་པོ་བྱུང་། 

ད་ལོ་ནས་བཟུང་། ན་གོར་མོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་དང་ཞིང་ཆེན། ཁུལ་རིམ་པའི་རྩ་འཛུགས་པུའུ་ཀྲང་ཚོགས་འདུ་ལས་ལས་ཀ་གསར་སྐྲུན་དང་ལས་ཞུགས་གསར་སྐྲུན་ཕྱོགས་ཀྱི་ཏང་འཛུགས་བྱ་བ་གཙོ་གནད་དུ་འཛིན་དགོས་པའི་བཀོད་སྒྲིག་བླང་བྱ་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། བྱ་གཞག་འདི་ནི་རྩ་འཛུགས་བྱ་བའི་གཙོ་གནད་ནང་དོན་དུ་བཞག་ནས་སྐུལ་འདེད་བྱས་པ་དང་།  ལས་ཀ་གསར་སྐྲུན་དང་ལས་ཞུགས་གསར་སྐྲུན་ཕྱོགས་ནས“ཁྱབ་གདལ”གཉིས་ཀྱི་མཐའ་འཁྱོངས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ། “གསར་བ་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་བྱ་བའི་དོ་དམ་ཐད“བྱེད་ཐབས་བཅོ་ལྔ”ལག་བསྟར་བྱེད་པ་སོགས་ན་གོར་མོ་གྲོང་ཁྱེར་གྱི་དོན་དོངས་གཞིར་བཟུང་ནས། དངོས་ཟོག་མྱུར་སྐྱེལ་འདུས་པའི་མྱུར་སྐྱེལ་ལས་རིགས་སོགས་ལས་ཀ་གསར་བའི་གནའ་འབྲེལ་ཏང་ཀྲུ་པུའུ་གསར་འཛུགས་བྱས་ཐོག  བྱ་འགུལ་སྤེལ་བའི་རྟེན་གཞི་གསར་སྐྲུན་བྱེད་པ་དང་།  ཏང་འཛུགས་བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཏང་ཡོན་གྱི་དཔང་སྡེ་ཇེ་ཆེར་གཏོང་བ་སོགས་རྒྱུན་ཆད་མེད་པར་ཏང་འཛུགས་བྱ་བར་སྤུས་ཚད་མཐོ་བའི་སྒོ་ནས་ཁེ་ལས་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་རྒྱུ་རེད།

རྗེས་མར། ན་གོར་མོ་གྲོང་ཁྱེར་གྱི་དངོས་ཟོག་མྱུར་སྐྱེལ་གནའ་འབྲེལ་ཏང་ཀྲུ་པུའུ་བཙུགས་པའི་སྐལ་བཟང་འདི་དང་བསྟུན་ནས། སྔར་ལས་ལྷག་པར་ཏང་རྩ་འཛུགས་ཀྱི་སྒྲིག་གཞི་དང་ཏང་འཛུགས་བྱ་བའི་ལམ་ལུགས། ཏང་འཛུགས་དང་ལས་ཀའི་མཐུན་སྦྱོར་མཉམ་ལས་སོགས་ལ་ཁ་ཕྱོགས་ནས་བྱེད་ཐབས་གསར་བ་སྤྱད་དེ། ཆབ་སྲིད་ཀྱི་སྣེ་ཁྲིད་དང་རྩ་འཛུགས་ཁྱབ་གདལ་ཏུ་གཏོང་བ། བྱ་བར་འགན་སྲུང་ཡོད་པ།  ལས་རིགས་ཐད་འཕེལ་རྒྱས་ཡོད་པའི་ཐབས་ཇུས་སྣ་ཚོགས་འགྲེམ་སྤེལ་བྱས་པ་བརྒྱུད། ནུས་ཤུགས་ཡོད་རྒུས་ལས་ཀ་གསར་སྐྲུན་ཕྱོགས་ཀྱི་ཏང་འཛུགས་བྱ་བ་ལེགས་པོ་སྒྲུབ་པ་དང་། རྒྱུན་ཆད་མེད་པར་ཏང་འཛུགས་བྱ་བའི་ལས་ཀ་གསར་བ་སྐུལ་ཁྲིད་བྱེད་པའི་རྣམ་པ་ལེགས་པོ་ཞིག་མངོན་འགྱུར་བྱེད་པར་འབད་བརྩོན་བྱ་རྒྱུ་རེད།   །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།