ཀྲུང་གོ་བོད་ཀྱི་དྲ་བ།

སྔོན་གྱི་ཟླ10རིང་མཚོ་སྔོན་ཞིང་ཆེན་གྱི་ཕྱིའི་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད39.6%ལ་སླེབས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས17ཉིན། གསར་འགོད་པས་ཟི་ལིང་སྒོ་ཁྲལ་ལས་ཁུངས་ནས་ཤེས་གསལ་ལྟར་ན།  སྒོ་ཁྲལ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་ན། 2022ལོའི་སྔོན་གྱི་ཟླ10རིང་། མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་སྤྱི་གྲངས་སྒོར་དུང་ཕྱུར35.4ཡིན་པ་དང་། ན་ནིང་གི་དུས་མཉམ་ལས39.6%འཕར། རྒྱལ་ཡོངས་ཀྱི་འཕར་བསྣོན་མྱུར་ཚད་ལས་བརྒྱ་ཆའི་ཆ30.1གི་མཐོ་བ་དང་། འཕར་བསྣོན་མྱུར་ཚད་རྒྱལ་ཡོངས་ཀྱི་ཨང་5པ་ཡིན། དེའི་ཁྲོད། ཕྱིར་གཏོང་སྒོར་དུང་ཕྱུར22.7ཡིན་པ་དང་88%འཕར་ཡོད། ནང་འདྲེན་སྒོར་དུང་ཕྱུར12.7ཡིན་པ་དང4.3%མར་ཆགས།

སྔོན་གྱི་ཟླ10རིང་། མཚོ་སྔོན་ཞིང་ཆེན་གྱི་སྤྱིར་བཏང་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར35ཡིན་པ་དང་། འཕར་ཚད41.7%ཡིན། དེས་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་སྤྱི་གྲངས་ཀྱི98.9%ཟིན། དེའི་ཁྲོད། ཕྱིར་གཏོང་སྒོར་དུང་ཕྱུར22.7ཡིན་པ་དང89.4%འཕར། ནང་འདྲེན་སྒོར་དུང་ཕྱུར12.3 དང3.2%མར་ཆགས། མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་ཁེ་ལས150ཡོད་པ་དང4.9%འཕར་ནས་ཁེ་ལས་གསོན་ཤུགས་སྔར་ལས་མཐོར་འདེགས་སུ་སོང་། ཁེ་ལས་ཀྱི་ངོ་བོ་ལས་བལྟས་ན། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར19.3ཡིན་པ་དང30.4%འཕར། དེས་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་གྱི54.5%ཟིན། རྒྱལ་གཉེར་ཁེ་ལས་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར15.3ཡིན་པ་དང49.9%འཕར། དེས་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་སྤྱི་གྲངས་ཀྱི43.2%ཟིན། ཕྱིའི་དངུལ་གཏོང་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་ཁྲི7189ཡིན་པ་དངལྡབ1.6འཕར། ཁྱོན་གྲོང་ཁྱེར་དང་ཁུལ7དུ་ཕྱིར་གཏོང་ནང་འདྲེན་ལས་གཉེར་ཡོད། དུས་མཉམ་དུ་ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར1.5ཡིན།

ནང་འདྲེན་གྱི་ཚོང་རྫས་གཙོ་བོའི་ཐད་ནས། སྔོན་གྱི་ཟླ10རིང་། མཚོ་སྔོན་ལྕགས་རིགས་གཏེར་ཁ་དང་། གཏེར་ཁུངས་བྱེ་ཟེགས་ནང་འདྲེན་སྒོར་དུང་ཕྱུར9.3ཡིན་པ་དང2.2%འཕར། དེས་ཞིང་ཆེན་ཡོངས་ཀྱི་ནང་འདྲེན་སྤྱི་གྲངས་ཀྱི73.2%ཟིན། དེའི་ཁྲོད་ཀྲུང་གོའི་ཧ་ཡང་གཏེར་ཁའི་བྱེ་ཟེགས་དང་གཏེར་ཁ་ལེགས་ཤོས་ནང་འདྲེན་སྒོར་དུང་ཕྱུར5ཡིན་ལ་ལྡབ8.9འཕར་ཡོད། དུས་མཉམ་ལས། ཞིང་ལས་ཐོན་རྫས་ནང་འདྲེན་སྒོར་དུང་ཕྱུར1.4ཡིན་ཞིང་འཕར་ཚད་ལྡབ1.7ཡིན། ཕྱིར་གཏོང་ཚོང་རྫས་གཙོ་བོའི་ཐད་ནས། སྔོན་གྱི་ཟླ10རིང་། མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་གཅིག་འདུས་ཐོན་རྫས་ཕྱིར་གཏོང་སྒོར་དུང་ཕྱུར5.8ཡིན་པ་དང་ལྡབ་1.1འཕར་ལ། དེའི་ཁྲོད་འཁེལ་འཐག་སྐུད་པ་དང་འཐག་དངོས། ཐོན་རྫས་ཕྱིར་གཏོང་སྒོར་དུང་ཕྱུར2.4ཡིན་པ་དང་། འཕར་ཚད་9%ཡིན། གྱོན་ཆས་དང་དེའི་རིགས་ཀྱི་ཕྱིར་གཏོང་སྒོར་དུང་ཕྱུར1.1ཡིན་ལ་འཕར་ཚད་ལྡབ4.5ཡིན། 

ཤར་ཕྱོགས་མནའ་འབྲེལ་དང་། ཀུའེ་ནེ་ཡ། འཇར་པན། ཡོ་རོབ་མནའ་འབྲེལ། སེང་ག་ཕོར་བཅས་ནི་མདུན་གྲལ་གྱི་ཉོ་ཚོང་གྲོགས་པོ་ཆེ་ཤོས་ལྔ་ཡིན། དེའི་ཁྲོད་སེང་ག་ཕོར་ད་ལོར་ཐོག་མར་མདུན་གྲལ་གྱི་ཉོ་ཚོང་གྲོགས་པོ་ཆེ་ཤོས་ལྔའི་ཁྲོད་དུ་ཚུད། དུས་མཉམ་དུ། མཚོ་སྔོན་ཞིང་ཆེན་གྱིRCEPཁོངས་མི་རྒྱལ་ཁབ་དུ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར14.1ཡིན་པ་དང་། འཕར་ཚད་ལྡབ1.8ཡིན་ལ། “རྒྱུད་གཅིག་ལམ་གཅིག”འགྲམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་དུ་ཁྱོན་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར13.2ཡིན་པ་དང་འཕར་ཚད་ལྡབ1ཡིན།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།