ཀྲུང་གོ་བོད་ཀྱི་དྲ་བ།

ཚྭ་འདམ་གཤོངས་སའི་ལྗང་མདོག་སྐྱེ་ལྡན་ཁེ་ལས་དང་ཐོན་རྫས་ངོས་ལེན་བྱེད་ཚད་མཚོ་སྔོན་ཞིང་ཆེན་གྱི་ཨང་དང་པོར་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གངས་བསོད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

柴达木盆地绿色有机企业和产品认证数位居青海省首位

图为柴达木盆地有机枸杞。 孙睿 摄

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས15ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཨུ་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།    མིག་སྔའི་བར་ཚྭ་འདམ་གཤོངས་སའི་ལྗང་མདོག་ཟས་རིགས་དང་སྐྱེ་ལྡན་ཟས་རིགས་ཐོན་སྐྱེད་ངོས་ལེན་ཐོབ་པའི་ཁེ་ལས85དང་།    ལྗང་མདོག་ངོས་ལེན་དང་སྐྱེ་ལྡན་ཐོན་རྫས388ཟིན་ནས།    ལྗང་མདོག་སྐྱེ་ལྡན་ཐོན་རྫས་ཟས་རིགས་ཀྱི་བདེན་དཔང་ངོས་ལེན་བྱས་པའི་ཁེ་ལས་དང་ཐོན་རྫས་མཚོ་སྔོན་ཞིང་ཆེན་གྱི་ཨང་དང་པོར་སླེབས།  

ངོ་སྤྲོད་བྱས་པར་གཞིགས་ན།    ཉེ་བའི་ལོ་ཤས་རིང་མཚོ་ནུབ་ཁུལ་གྱིས་འགག་རྩ་དང་གནད་སྨིན་ནུས་ཤུགས་ལ་དམིགས་ཏེ་སོན་བཟང་མུ་མཐུད་སྐྱེད་སྲིང་དང་།    ཐོན་རྫས་ཀྱི་སྤུས་ཚད་མཐོར་གཏོང་།    ཁྱད་ལྡན་སྤུས་རྟགས་སྟོབས་ཆེར་གཏོང་བ།    ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད།    ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་དཔེ་སྟོན་ཁུལ་དུ་གཏོང་རྒྱུར་མཐུན་རྐྱེན་མི་དམན་པ་བསྐྲུན་ཡོད།

མཚོ་ནུབ་ཁུལ་གྱིས《ཚྭ་འདམ་གཤོངས་སའི་གྲོའི་ཐོན་འབབ་ལེགས་པའི་འདེབས་གསོའི་ལག་རྩལ་ཚད་གཞི》དང《གྲོ་ཡི་ལས་སྣོན།    ཐུམ་སྒྲིལ།    ཉར་ཚགས།    སྐྱེལ་འདྲེན་ཚད་ལྡན་ཚོགས་པའི་ཚད་གཞི》སོགས་ཚད་ལྡན་ཁག་གི་ཚད་གཞི་ཁྱབ་བསྒྲགས་བྱས་ནས《ས་གཤིས་མཚོན་རྟགས་ཀྱི་ཐོན་རྫས་ཚྭ་འདམ་འདྲེ་ཚེར་མ》སོགས་འདེབས་འཛུགས་ལག་རྩལ་དང་སྤུས་ཚད་ཚོད་འཛིན་ཚད་གཞི་ཁག16བཟོས་ནས་ཁྱབ་གདལ་བཏང་ཡོད་པ་རེད།     ལས་སྣོན་ཞིབ་ཚགས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་དང་།    ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་།    ཐོན་ལས་མཉམ་འབྲེལ་སྒྲིག་གཞི་སོགས་ལས་སྟེགས་ལ་བརྟེན་ནས་ཚད་གཞི་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་བཏང་སྟེ་རིམ་རྩིས་བྱས་ན་ཐོན་རྫས་རིགས500ལྷག་ཙམ་གསར་སྤེལ་བྱས་ནས་ཁྲོམ་རར་ཞུགས་ཡོད་པ་རེད།     དེ་དང་ཆབས་ཅིག་ཐོན་རྫས་ཀྱི་བདེན་དཔང་ངོས་ལེན་ལ་ཤུགས་སྣོན་བརྒྱབ་ཅིང་།    མིག་སྔར་ལྗང་མདོག་དང་སྐྱེ་ལྡན་བཟའ་བཅའི་ཁེ་ལས85ལ་བདེན་དཔང་ངོས་ལེན་བྱས་པ་དང་།    ལྗང་མདོག་དང་སྐྱེ་ལྡན་ཐོན་རྫས388ལ་བདེན་དཔང་ངོས་ལེན་བྱས་ལ།    ལྗང་མདོག་སྐྱེ་ལྡན་ཁེ་ལས་དང་ཐོན་རྫས་ཀྱི་བདེན་དཔང་ངོས་ལེན་བྱེད་ཚད་མཚོ་སྔོན་ཞིང་ཆེན་གྱི་ཨང་དང་པོར་སླེབས།     

 དེ་དང་ཆབས་ཅིག་མཚོ་ནུབ་ཁུལ་གྱིས“ངོ་མཚར་བའི་ཚྭ་འདམ་གཤོངས་ས”ཞེས་པའི་མཚོ་ནུབ་ཀྱི་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གྲུབ་འབྲས་ཐོབ་པའི་ངང་ཁྱབ་བསྒྲགས་བྱས་པ་དང་འབྲེལ་སྤུས་རྟགས་དབང་ཆ་སྤྲད་པ་རེད།     སྤུས་རྟགས་དོ་དམ་ཚད་ལྡན་དུ་བཏང་ནས《“ངོ་མཚར་ཆེ་བའི་ཚྭ་འདམ་གཤོངས་སའི”མཚོ་ནུབ་ཀྱི་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་དོ་དམ་བྱ་ཐབས》པར་འགྲེམས་བྱས་ནས་པེ་ཅིང་དང་།    ཐེན་ཅིན།    ཧོ་པེ་བཅས་དང་།    འབྲི་ཆུའི་ཟུར་གསུམ་ཁུལ།    ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་བཅས་ལ“ས་ཆ་གསུམ་དང་སྟེགས་བུ་བརྒྱ”འཛུགས་སྐྲུན་བྱས་ཏེ་ཀྲེ་ཅང་ཧང་ཀྲིག་དུ“ངོ་མཚར་བའི་ཚྭ་འདམ་གཤོངས་སའི”སྤུས་ལེགས་ཐོན་རྫས་ཀྱི་ཆེད་སྒྲོམ76བསྐྲུན།     

གཞན་ཡང་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན།    མིག་སྔར་མཚོ་ནུབ་ཁུལ་གྱིས་སྐྱེ་ལྡན་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི1092.5དང་ལྗང་མདོག་སྐྱེ་ལྡན་འདྲེ་ཚེར་མ་མུའུ་ཁྲི26ངོས་ལེན་བྱས།     

རྩོམ་སྒྲིག་པ། : གངས་བསོད།