ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའིི་རྩ་འཛུགས་པུའུ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་ལག་ལེན་མཐར་ཕྱིན་བྱེད་པ་བརྗོད་དོན་ཡིན་པའི་རོང་འབྲོག་དམངས་ཏང་ཡོན་གྱི་དགུན་དཔྱིད་གསོ་སྦྱོང་བྱ་བ་བཀོད་སྒྲིག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རོང་འབྲོག་དམངས་ཏང་ཡོན་དཔུང་ཁག་གི་སློབ་གསོའི་གསོ་སྦྱོང་བྱ་བར་ཤུགས་བསྣོན་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་ས་ཁུལ་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་འཇུག་པར་སྐུལ་འདེད་གཏོང་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས《ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི2022ལོ་ནས་2023ལོའི་བར་གྱི་རོང་འབྲོག་དམངས་ཀྱི་ཏང་ཡོན་དགུན་དཔྱིད་གསོ་སྦྱོང་བྱ་བའི་བརྡ་སྦྱོར》(གཤམ་དུ《བརྡ་སྦྱོར》)དཔར་འགྲེམ་བྱས།

ཤེས་གསལ་ལྟར་ན། རང་ཞིང་གི་རོང་འབྲོག་དམངས་ཏང་ཡོན་འདུས་སྡོད་ཁ་འཐོར་དང་། དུས་ཚིགས་རང་བཞིན་གྱི་འཁོར་བསྐྱོད་སོགས་ཀྱི་ཁྱད་ཆོས་ལ་དམིགས་ནས། 《བརྡ་སྦྱོར》ལས་གསལ་བོར་བྱས་དོན། ཞིང་བའི་ཁོམ་གསེང་དང་ཕྱིར་ཞོར་ལས་སུ་སོང་ནས་ཕྱིར་ལོག་པའི་གོ་སྐབས་བེད་སྤྱད་དེ། “ལས་གཞི་ཅན”གྱི་རྣམ་པས་རིགས་མི་འདྲ་བའི་སྒོ་ནས་གནད་ཁེལ་གསོ་སྦྱོང་བྱེད་དགོས། སྐོར་རིམ་འདིའི་རོང་འབྲོག་དམངས་ཏང་ཡོན་གྱི་དགུན་དཔྱིད་གསོ་སྦྱོང་བཀོད་སྒྲིག་དེ་ད་ལོའི་ཟླ11པའི་ཟླ་སྟོད་ནས་མགོ་བརྩམས་ཏེ། 2023ལོའི་ཟླ3པའི་མཇུག་ཏུ་མཇུག་སྒྲིལ་རྒྱུ་རེད། གསོ་སྦྱོང་གི་དམིག་གཏད་ནི་རོང་འབྲོག་དམངས་ཏང་ཡོན་ཚང་མ་ལས་གཞན། ཐོག་མར་ཧྲུའུ་ཅི་དང་པོ་དང་། སྡེ་སྡོད་ལས་སྒྲུབ་པ་ཁ་བསྣོན་བྱེད་རྒྱུ་མ་ཟད། རྩ་འཛུགས་འགན་འཁྲི་གཞན་དག་ལ་ནན་སྐུལ་བྱེད་དགོས། གཙོ་བོ་ཐུན་མོང་སློབ་སྦྱོང་དང་། གཅིག་བསྡུས་གསོ་སྦྱོང་། འཚོ་བའི་ཚོགས་འདུ་རྩ་འཛུགས་དང་ལག་ལེན་སྦྱོང་བརྡར་སོགས་ཀྱི་རྣམ་པ་བཞིའི་སྒོ་ནས་སྤེལ་རྒྱུ་ཡིན། གསོ་སྦྱོང་གི་ནང་དོན་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་སློབ་སྦྱོང་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་དམ་དུ་འབྲེལ་ཏེ། “ངེས་སྦྱོང་སློབ་ཁྲིད་དང་འདེམས་སྦྱོང་སློབ་ཁྲིད”ཀྱི་རྣམ་པས་གཏན་འཁེལ་བྱས་ཤིང་། དེར་“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ”“《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་སྲོལ(བཟོ་བཅོས་འཆར་ཟིན)》”“ཏང་གི་སྒྲིག་སྲོལ་དང་ཏང་གི་རྩ་བའི་ཤེས་བྱ”“ཚན་རིག་གི་དགོངས་དོན་སློབ་གསོ”“ཆེད་ལས་རྩལ་ནུས་ཤེས་བྱ”སོགས་རིགས་ཆེན་པོ་ལྔ་འདུ། དེའི་ཁྲོད་ངེས་སྦྱོང་སློབ་ཁྲིད་ཀྱིས་གཙོ་བོ“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ”སློབ་གསོའི་སློབ་ཡུན་དེ་སྤྱིའི་སློབ་ཡུན་གྱི་གསུམ་ཆའི་གཅིག་ལས་ཉུང་མི་རུང་བའི་བླང་བྱ་བཏོན་པ་དང་། འདེམས་སྦྱོང་སློབ་ཁྲིད་ཀྱིས་གཙོ་བོ“ཅི་ཞིག་ཆད་ན་དེ་ཁ་གསབ་དང་། ཅི་ཞིག་ཞན་ན་དེར་ཤུགས་སྣོན”བྱེད་པའི་རྩ་དོན་ལྟར། གྲོང་གསེབ་དར་སྤེལ་དང་རིམས་ནད་འགོག་སྡོམ་སོགས་ཀྱི་ཞབས་ཞུའི་གཙོ་གནད་ལས་འགན་ལ་དོ་སྣང་བྱས་ཡོད།

《བརྡ་སྦྱོར》ལས་ད་དུང་རིམ་པ་སོ་སོའི་ཏང་ཨུའི་བྱ་བའི་ལས་འགན་དང་། སློབ་གསོའི་གསོ་སྦྱོང་གི་རྨང་གཞི་འགན་སྲུང་། གྲུབ་འབྲས་ཕན་འབྲས་བསྒྱུར་བཅོས་བེད་སྤྱོད་ཐད་བྱེ་བྲག་གི་བླང་བྱ་བཏོན།  །  

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།