ཀྲུང་གོ་བོད་ཀྱི་དྲ་བ།

ཚན་རྩལ་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་འཛིན་གནད་འཁེལ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་བ།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2022-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས12ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ཅུའུ་ཡིས་འབྲེལ་ཡོད་གཞུང་ལམ་སྐྱེལ་འདྲེན་ལས་རིགས་ཀྱི་དོ་དམ་ཆ་འཕྲིན་མ་ལག་གི་ནུས་པ་རིམ་སྤོར་དང་འཐུས་ཚང་དུ་གཏོང་བ་དང་། ལས་རིགས་དོ་དམ་མ་ལག་གི་གཞི་གྲངས་མཉམ་སྤྱོད་དང་བསྡུ་སྒྲིག་བྱེད་པ། ཆ་འཕྲིན་མ་ལག་ཁག་གི་གཞི་གྲངས་དབྱེ་ཞིབ་བཀོལ་སྤྱོད་ལ་བརྟེན་ནས་ལས་རིགས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་ནུས་པ་ཆེ་རུ་གཏང་རྒྱུ་སོགས་ཀྱི་ཆེད་དོན་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ་མ་ཟད། འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་འཛིན་གནད་འཁེལ་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད། 

ཞིང་ཆེན་འགྲིམ་འགྲུལ་ཁྲིམས་བསྟར་ལྟ་སྐུལ་ཅུའུ་ཡིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཆ་འཕྲིན་ལྟེ་གནས་དང་མཐུན་སྦྱོར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི“ཞིང་ཆེན་སྒྲོལ་ནས་གཞུང་དོན་ཁང་འཛུགས་པའི”ལས་སྒོ་བདག་སྤྲོད་གཏན་འཁེལ་ཅན་གྱི་མཐུད་མཚམས་ལེགས་སྒྲུབ་བྱས་པ་དང་། ལས་སྒོ་གཉེར་སྒྲུབ་ཀྱི་དཔྱད་གཞི་ཁག4ཁུ་བསྡུ་བྱས་ཤིང་། “ཞིང་ཆེན་སྒྲོལ་ནས་གཞུང་དོན་ཁང་འཛུགས་པའི”འགག་རྩའི་གཞི་གྲངས་རང་འགུལ་ངང་ཐོབ་པ། ལས་སྒོ་གཉེར་འབྲས་གློག་རྡུལ་ལག་ཁྱེར་ནང་དུས་ཐོག་ཏུ་གསར་བརྗེས་ཐུབ་པ་བཅས་བྱུང་ནས“ཞིང་ཆེན་སྒྲོལ་ནས་གཞུང་དོན་ཁང་འཛུགས་པའི”ལས་སྒོ་གཉེར་སྟངས་སྟབས་བདེ་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད། ཟླ10པའི་ཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱིས“ཞིང་ཆེན་སྒྲོལ་ནས་གཉེར་བའི”ལས་སྒོ་ཁྱོན་ཁྲི1.52དྲ་ཐོག་ནས་གཉེར་བ་དང་དྲ་ཐོག་ནས་ལས་སྒོ་ཐག་གཅོད་བྱེད་ཚད93.7%ཟིན་པ་དང་། རིམ་རྩིས་བྱས་ན་གློག་རྡུལ་ལག་ཁྱེར་ཁྲི1.8སྤྲད་པ་དང་དྲ་སྦྲེལ་གྱི་དམངས་ཕན་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

གཞུང་ལམ་སྐྱེལ་འདྲེན་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་མ་ལག་ལ་བརྟེན་ནས་གཞུང་ལམ་སྐྱེལ་འདྲེན་དོ་དམ་གྱི་ཆ་འཕྲིན་མ་ལག་དང་། ཡུལ་སྐོར་རླངས་འཁོར་གླས་པའི་དོ་དམ་མ་ལག གཞུང་ལམ་འགྲུལ་སྐྱེལ་དྲ་སྦྲེལ་གྱི་སྤ་སེ་བཙོང་བའི་མ་ལག རླངས་འཁོར་འགྲུལ་སྐྱེལ་འབབ་ཚིགས་དང་ས་ཚིགས་ཀྱི་ལས་དོན་དོ་དམ་མ་ལག གཙོ་གནད་སྐྱེལ་འདྲེན་རླངས་འཁོར་གྱི་འགུལ་རྣམ་ལྟ་སྐུལ་དོ་དམ་མ་ལག་བཅས་ཀྱི་གཞི་གྲངས་བསྡུ་སྒྲིག་བྱས། གཞི་གྲངས་བསྡུ་སྒྲིག་དང་གཞི་གྲངས་བསྡུར་བ། གཞི་གྲངས་དབྱེ་ཞིབ་ཀྱི་ལག་རྩལ་ཉེན་ཟོན་སྔོན་བརྡ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ལས་རིགས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་གནད་འཁེལ་རང་བཞིན་དང་ལས་ཕྱོད་རང་བཞིན་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད་པ་རེད།

ཆ་འཕྲིན་ཅན་གྱི་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ཏེ། གཞི་གྲངས་ཆེ་མོའི་ལག་རྩལ་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་མཉམ་སྤྱོད་མྱུར་བགྲོད་གཞུང་ལམ་གྱི་གྲོན་བསྡུའི་གཞི་གྲངས་དང་འབྲེལ་མཐུད་བྱས་པ་དང་། ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་གྱི་གཞི་གྲངས་ཆེ་མོའི་དབྱེ་ཞིབ་དཔེ་དབྱིབས་བཟོས་ནས་དུས་བཀག་ནང་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་དང་མི་སྣའི་དོགས་ཡོད་མཛོད་ཅིག་ཆགས་པར་བྱེད་པ་དང་འབྲེལ་ས་གནས་ཁག་གི་འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་འཛིན་སྡེ་ཁག་ལ་གནད་འཁེལ་ཅན་གྱི་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ལ་རིག་ནུས་གྲལ་བཤེར་དང་གནད་འཁེལ་གནས་གཏན་འཁེལ་བྱ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། : ཕག་གྲུབ།