ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་གྱིས་གཙོ་གནད་འཛུགས་སྐྲུན་བྱེད་སའི་བདེ་འཇགས་བེད་སྤྱོད་བྱེད་ཚད100%ལ་སླེབས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་ཟི་ལིང་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུའུ་ནས་ཤེས་གསལ་ལྟར་ན། ད་ལོའི་རིང་ལ། ཟི་ལིང་གྲོང་ཁྱེར་གྱིས“མང་ཚོགས་ཀྱིས་སེམས་བདེ་བའི་ངང་ཟས་ལ་རོལ་བ་དང་། སེམས་བདེ་བའི་ངང་འདུག”ཐུབ་པའི་ཧུར་བརྩོན་དམིགས་འབེན་རྒྱུན་འཁྱོངས་བྱས་ཏེ། ས་གཤིས་འབག་བཙོག་ཉེན་ཁའི་དོ་དམ་ཚོད་འཛིན་དང་སླར་གསོ་ལེགས་བཅོས་ལ་སྐུལ་འདེད་བཏང་ནས། ས་གཙང་གི་འཐབ་སྲུང་བྱ་བ་ལེགས་པོར་སྒྲུབ་ནས། ས་གཤིས་ཁོར་ཡུག་འབག་བཙོག་ཉེན་ཁར་ཕན་ནུས་ལྡན་པའི་དོ་དམ་ཚོད་འཛིན་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་བྱེད་སའི་བདེ་འཇགས་བེད་སྤྱོད་བྱེད་ཚད100%ལ་སླེབས།

ད་ལོར། ཟི་ལིང་གྲོང་ཁྱེར་གྱིས《ཟི་ལིང་གྲོང་ཁྱེར་ཞིང་བའི་ས་གཤིས་ཀྱི་ལྕགས་རིགས་ལྕི་བའི་འབག་བཙོག་མགོ་ཁུངས་འགོག་བཅོས་བྱ་བའི་བྱེད་ཐབས》དཔར་འགྲེམ་བྱས་ཤིང་། ཁོངས་གཏོགས་ཀྱི་ཀུ་སོགས་ལྕགས་རིགས་ལྕི་བའི་ཕྱིར་གཏོང་ཁེ་ལས་ལ་བཅོས་སྐྱོང་བྱས་ཏེ། ཀུ་སོགས་ལྕགས་རིགས་ལྕི་བའི་འབག་བཙོག་དེ་ཞིང་སར་འགྲོ་བར་བཀག་འགོག་བྱས། ཁོངས་གཏོགས་ཀྱི་ས་གཤིས་གཙོ་གནད་ལྟ་སྐུལ་དོ་དམ་ལས་ཁུངས59ཡིས་ས་གཤིས་འབག་བཙོག་འགོག་བཅོས་ལས་འགན་དོན་འཁྱོལ་བྱས་ཏེ། ས་གཤིས་དང་ས་འོག་ཆུའི་ལྟ་སྐུལ་ཚད་ལེན་དང་། ས་གཤིས་འབག་བཙོག་ཉེན་ཁའི་རྩད་ཞིབ་ལེགས་བཅོས“ཕྱིར་མིག་ལྟ་བའི”བྱ་བ་སྤེལ་བ་མ་ཟད། 《གཏེར་མཛོད་ཀྱི་འབག་བཙོག་ཉེན་ཁའི་རྩད་གཅོད་བཅོས་སྐྱོང་བྱ་བའི་ཕྱོགས་སྟོན(ཚོད་ལྟ)》ལྟར། མཚོ་སྔོན་ཡུན་ཐེན་རྫས་འགྱུར་ཚད་ཡོད་ཀུང་སིའི་ལིན་ཧྲི་ཀའོ་འབག་བཙོག་རྩད་ཞིབ་ལེགས་འགྲུབ་བྱས་ཏེ། ཁེ་ལས་ཀྱི་དུས་ཐོག་ཏུ་བཅོས་སྐྱོང་ལ་སྐུལ་མ་བྱས་པ་དང་། རིགས་སོ་སོའི་ཁོར་ཡུག་ཉེན་ཁ་མེད་པར་བཟོས།

དུས་མཚུངས་སུ། འཛུགས་སྐྲུན་བྱེད་སའི་ཁོར་ཡུག་དོ་དམ་ལ་ཤུགས་བསྣན་ནས། 《སྔར་ལས་ལྷག་པའི་སྒོ་ནས་ས་གཤིས་འབག་བཙོག་གནས་བབ་རྟོག་ཞིབ་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར》སྤེལ་ཏེ། འབྲེལ་ཡོད་རྫོང་དང་ཆུས། གླིང་ཁུལ6ནས་ས་གཤིས་ངོ་བོ་བསྒྱུར་བཅོས་ཀྱི“གཅིག་འདུག་གཞུང་གཉིས”ཀྱི་སའི་འབག་བཙོག་གནས་ཚུལ་རྟོག་ཞིབ་བྱས་པ་མ་ཟད། 2021ལོའི་ཟི་ལིང་གྲོང་ཁྱེར་གྱུ་གཙོ་གནད་འཛུགས་སྐྲུན་བྱེད་སའི་བདེ་འཇགས་བེད་སྤྱོད་བྱེད་ཚད་ཚོད་ལྟའི་རྩིས་གཉེར་བྱ་བ་ལེགས་འགྲུབ་བྱས་པ་དང་།གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་བྱེད་སའི་བདེ་འཇགས་བེད་སྤྱོད་བྱེད་ཚད100%ལ་སླེབས་པ་མ་ཟད། ཞིང་སའི་བེད་སྤྱོད་ས་གཤིས་འབག་བཙོག་གནས་ཚུལ་རྟོག་ཞིབ་གྲུབ་འབྲས་བེད་སྤྱོད་ལ་སྐུལ་འདེད་བཏང་ནས། ཟི་ལིང་གྲོང་ཁྱེར་གྱི་ཧོང་ཀྲུང་ཆུས་ཀྱི་འབག་བཙོག་ཐེབས་པའི་རྨོ་ཞིང་བདེ་འཇགས་བེད་སྤྱོད་དཔེ་སྟོན་ལས་གཞི་གཏན་འཇགས་ངང་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བདེ་འཇགས་བེད་སྤྱོད་ཁྲོད་ཀྱི་རྒྱ་ཁྱོན་ཆེ་བའི་ལག་རྩལ་གཞོགས་འདེགས་མཁོ་འདོན་བྱ་བ་སྤེལ། བཤེར་རྩིས་བྱས་པ་བརྒྱུད། 2021ལོའི་གྲོང་ཁྱེར་ཡོངས་ཀྱི་འབག་བཙོག་ཐེབས་པའི་རྨོ་ཞིང་བེད་སྤྱོད་བྱེད་ཚད98%ཡན་གྱི་དམིགས་ཚད་བླང་བྱར་སླེབས་ཡོད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།