ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་རུ་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་གནས་ཚུལ་སྐོར་གྱི་ཟི་ལིང་གྲོང་ཁྱེར་གྱི་སྙན་ཞུ་ལ་ཉན་པ་དང་། རིམས་ནད་ཀྱི་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་ནས་རིམས་ནད་འགོག་སྡོམ་གྱི་གཙོ་གནད་བྱ་བ་བཀོད་གཏོང་དང་བཀོད་སྒྲིག་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སྔར་ལས་གཏིང་ཟབ་སྒོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ནན་ཏན་གྱིས་ལག་ལེན་དོན་འཁྱོལ་བྱེད་པ། སྤྱི་ཚོགས་ངོས་ཀྱི་འགུལ་རྣམ་གཙང་སེལ་བྱེད་པའི་དམིགས་འབེན་ལ་དམིགས་པ། ཕན་འབྲས་མཐོ་བའི་སྒོ་ནས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས། རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་ཇེ་ལེགས་སུ་གཏོང་བ་དང་། མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་ནན་ཏན་གྱིས་འགན་ལེན་བྱེད་པ། འགན་འཁྲི་སླར་ཡང་ཇེ་ནན་དུ་གཏོང་བ། བྱ་བར་ཡང་བསྐྱར་ཞིབ་བཤེར་བྱེད་པ། བྱེད་ཐབས་སླར་ཡང་གནད་དུ་འཁེལ་བར་བྱེད་པ། མཁོ་སྤྲོད་འགན་ལེན་ཐད་སླར་ཡང་ཞིབ་ཕྲ་བཟོ་བ། སྤྱོད་ཚུལ་ཐད་སླར་ཡང་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། སྔར་ལས་ནན་ཏན་གྱིས་ཞིབ་ཚགས་དང་ཚན་རིག་དང་མཐུན་ལ་ཕན་འབྲས་མཐོ་བའི་ལས་དོན་སྤེལ་ནས་ཐེངས་འདིའི་རིམས་ནད་གང་མགྱོགས་ཀྱིས་ཚོད་འཛིན་བྱེད་དགོས་པར་ནན་གྱིས་བསྟན། 

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མིག་སྔའི་གནད་འགག་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་གྱི་ཐོན་ཁུངས་སྤྱི་འདོམས་སྙོམས་སྒྲིག་དང་བཀོལ་སྤྱོད། ལོག་བཀར་ཁུལ་གྱི་མངོན་མེད་ནུས་ཤུགས་སྔོག་འདོན་དང་རྒྱ་བསྐྱེད་བྱ་བ་མུ་མཐུད་དུ་བཟང་པོ་བསྒྲུབ་པ། འགོག་སྡོམ་གྱི་སྟོབས་ཤུགས་གྲབས་གསོག་བྱེད་པ། བྱ་བའི་རང་འགུལ་སྟངས་འཛིན་བཅས་བྱེད་དགོས། སྤུས་ཚད་མཐོན་པོས་ཉིང་སྐྱུར་བརྟག་དཔྱད་དང་། རིམས་ནད་རིག་པའི་བརྟག་དཔྱད་ལ་བརྟེན་ནས་མཆེད་ཁུངས་འཚོལ་བ། ལོག་བཀར་སྐྱེལ་འདྲེན། ། སྡེ་ཁུལ་དོ་དམ་ཚོད་འཛིན་བཅས་བྱས་ནས་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ནས། མ་ཤེས་པའི་ཁུལ་མེད་པ་དང་ཆད་ལྷག་མེད་པ། སྔ་མོ་ནས་ཤེས་རྟོགས་དང་མྱུར་དུ་ཐག་གཅོད་བྱེད་དགོས། དུས་ལྟར་ཕྱིར་ལྟའི་སྤྱི་སྡོམ་བྱེད་པ་དང་ནད་དཔེ་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ། སྐྱོན་ཆ་འཚོལ་བ་དང་ཞན་ཆ་ཁ་གསབ་བྱེད་པ། ཞན་ཆ་སྟོབས་ལྡན་དུ་བསྒྱུར་བ། བྱེད་ཐབས་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་པ། ས་ཁུལ་དང་རིགས་དབྱེ་ནས་ཐག་གཅོད་པ། ཚན་རིག་དང་མཐུན་པ་དང་གནད་དུ་་འཁེལ་བའི་སྒོ་ནས་འགོག་སྡོམ་ཆུ་ཚད་མཐོར་འདེགས་བཏང་སྟེ། རིམས་ནད་ཕྱི་རུ་མཆེད་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པ་མ་ཟད། རིམས་ནད་ཡང་བསྐྱར་མཆེད་པ་དང་གཞི་ཁྱོན་རང་བཞིན་དང་བསྡུ་རུབ་རང་བཞིན་གྱི་རིམས་ནད་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། གཞི་གྲངས་མཉམ་སྤྱོད་དང་ཆ་འཕྲིན་སྦྲེལ་མཐུད་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས། རིམས་ནད་འགོག་སྡོམ་ཇུས་ཆོད་ཀྱི་ཚན་རིག་རང་བཞིན་དང་ཁ་གཏད་རང་བཞིན། ཕན་ཡོད་རང་བཞིན་མཐོར་འདེགས་གཏོང་དགོས། ཇུས་གཞི་དགུ་པའི་རེ་བ་ལྟར། བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་དང་ལག་བསྟར་ཚད་གཞི་སྔར་ལས་ཇེ་གསལ་དུ་བཏང་ནས། བྱ་བར་སྟོབས་ཤུགས་ལྡན་པ་མ་ཟད་དྲོད་ཁོལ་ལྡན་པར་བྱེད་དགོས། འཚོ་བའི་དངོས་ཟོག་མཁོ་འདོན་འགན་སྲུང་བྱ་བར་དམ་འཛིན་བྱེད་པ་དང་། ཆ་རྐྱེན་ལྡན་པའི་ཚོང་ར་ཆེན་པོའི་སྒོ་མྱུར་དུ་འབྱེད་དགོས་པ་མ་ཟད། ཚོང་རའི་ལས་གཉེར་དུས་ཡུན་འོས་འཚམ་སྒོས་རྒྱུན་བསྲིང་ནས། དངོས་ཟོག་ཉོ་སྒྲུབ་ཀྱི་དུས་ཚོད་གཅིག་བསྡུས་ཡིན་པ་དང་མི་སྣ་མང་དྲག་པའི་རིགས་བཀག་འགོག་བྱེད་དགོས། དངོས་ཐོག་བདེན་འཚོལ་བྱེད་པ་དང་རིམས་ནད་ཆ་འཕྲིན་ཡོངས་བསྒྲགས་བྱེད་པ། འབྲེལ་ཡོད་སྲིད་ཇུས་ཀྱི་བྱེད་ཐབས་དྲིལ་སྒྲོག་འགྲེལ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས། དུས་ལྟར་སྤྱི་ཚོགས་ཡོངས་ཀྱིས་སེམས་ཁྲལ་བྱེད་པའི་གནད་དོན་ལ་ལན་སློག་དགོས། བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་བྱེད་པ་དང་། བྱ་བ་སྟབས་བདེ་ཅན་དུ་བསྒྱུར་བ་དང་དོན་དངོས་དང་མི་བསྟུན་པ། རིམ་པ་རེར་རེ་བ་གསར་པ་འདོན་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། ནན་ཏན་མིན་པ་དང་དོན་དངོས་མི་གཉེར་པ། ལག་བསྟར་མི་བྱེད་པའི་སྤྱོད་ཚུལ་ལ་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་དགོས། རིམས་ནད་འགོག་སྡོམ་བཀོད་འདོམས་ཁོངས་གཏོགས་དང་ཆེད་དོན་ཚན་ཁག་གི་འཁོར་རྒྱུག་སྒྲིག་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གཞི་གཅིག་ཅན་གྱི་མཉམ་ལས་དང་ཆ་སྙོམས་ཅན་གྱི་དོ་དམ་དོན་འཁྱོལ་བྱས་ནས། ཕན་འབྲས་མཐོ་བའི་བཀོད་འདོམས་དང་མགྱོགས་མྱུར་འཁོར་རྒྱུག་ལ་ཁག་ཐེག་བྱེད་དགོས་པར་ནན་གྱིས་བསྟན། །

ཁྲིན་རུའེ་ཧྥིན་དང་ཝང་ཏ་ནན། ཀྲུའུ་ཞང་ཧྥིན། ཁོང་ཡུང་བཅས་རྟོག་ཞིབ་ལ་ཞུགས།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།