ཀྲུང་གོ་བོད་ཀྱི་དྲ་བ།

རྐང་ཚ་རྫོང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར།  རྐང་ཚ་རྫོང་གིས“དགོངས་དོན་སློབ་སྦྱོང་བྱེད་པ་དང་བསམ་བློ་རྟོགས་པ།  སྤྱོད་ཚུལ་བསྒྱུར་བ།  དམངས་ཀྱི་དཀའ་ཁག་སེལ་བ།  རིག་ལམ་གསལ་བར་བྱེད་པ།  འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བཅས་བརྗོད་དོན་ཡིན་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་སྐུལ་སློང་ཚོགས་འདུ་བསྡུས་ནས།  རྫོང་ཡོངས་ཀྱི་རིགས་སོ་སོའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་གཉིས་གཅིག་གྱུར་བྱེད་པར་སྐུལ་སློང་བྱས་པར་མ་ཟད།  “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་ལ་སྲུང་སྐྱོང་བྱེད་པ་དང་།  “སྲུང་སྐྱོང་གཉིས”བཟང་བོར་སྒྲུབ་སྟེ།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་རྒྱུ་དེ་རྐང་ཚ་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་བསྒྱུར།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་བྱ་ཆེད།  རྐང་ཚ་རྫོང་ཏང་ཨུ་ཡིས《ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ལག་བསྟར་འཆར་གཞིཞེས་པ་འགྲེམས་སྤེལ་བྱས་ཏེ།  ཏང་གི་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ།  དཔལལ་འབྱོར་འཕེལ་རྒྱས།  དམངས་འཚོ་ཕྱུག་འགྱུར།  སྤྱི་ཚོགས་བཅོས་སྐྱོང་སོགས་ཕྱོགས5ལ་བྱེ་བྲག་གི་བྱེད་ཐབས21བཟོས།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།