ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཝེ་ཏུང་གིས་མཚོ་ལྷོ་ཁུལ་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྐབས་ནན་གྱིས་བསྟན་དོན།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱེད་པ་དང་། “གཏན་ཕབ་གཉིས”ལ་སྲུང་སྐྱོབ་བྱེད་པ། “སྲུང་སྐྱོང་གཉིས”བཟང་བོར་སྒྲུབ་པ། མི་དམངས་བླ་ན་མེད་པ་དང་བློ་གཅིག་རྩེ་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཏེ། དོན་དངོས་ཀྱི་བྱ་སྤྱོད་སྟེང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་བྱེད་དགོས།

ཝང་ཝེ་ཏུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱ་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་དང་པོ་ཡིན། ང་ཚོས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཕྱོགས་ཡོངས་ནས་དམ་འཛིན། ཕྱོགས་ཡོངས་ནས་དངོས་འབབ་བཅས་ཀྱི་སྟེང་ཤུགས་བཏོན་ཏེ། སློབ་སྦྱོང་དང་ལག་ལེན་ལ་སྐུལ་འདེད་གཏོང་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པས་བཏོན་པའི་དམིགས་འབེན་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། “དམ་འཛིན་བྱེད་དགོས་པ་ལྔ”ཡི་རེ་བར་གོ་བ་གཏིང་ཟབ་ལེན་པ་དང་། མ་ཡིག་གི་ཡིག་འབྲུ་རེ་རེ་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱས་ཏེ་ཆ་ཚང་ཞིང་ནོར་བ་མེད་པ་དང་ཆ་ཚང་ཞིང་དོན་དངོས་དང་མཐུན་པའི་སྒོ་ནས་སློབ་སྦྱོང་དང་བསམ་གཞིགས། བཀོལ་སྤྱོད། ལག་ལེན་བཅས་གཅིག་གྱུར་ཡོང་བར་བྱེད་དགོས་ཞེས་བསྟན།

ཝང་ཝེ་ཏུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་མི་དམངས་བླ་ན་མེད་པའི་ཆབ་སྲིད་ཀྱི་འདུ་ཤེས་དང་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་གང་ལེགས་སྒོས་མངོན་ཡོད། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་རྒྱུ་གཉིས་གཅིག་གྱུར་བྱས་ཏེ་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་བཟང་བོ་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད“གཏན་ཕབ་གཉིས”ལ་སྲུང་སྐྱོང་དང“སྲུང་སྐྱོབ་གཉིས”བཟང་བོར་བསྒྲུབ་པ། རང་ངོས་གསར་བརྗེ་རྒྱུན་འཁྱོངས་བྱེད་པ། ཏང་གི་རྩ་བའི་དམིགས་འབེན་ལ་དམ་དུ་དམིགས་ཏེ་ཐོག་མཐའ་བར་གསུམ་ཀུན་ཏུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་འཛིན་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།