ཀྲུང་གོ་བོད་ཀྱི་དྲ་བ།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཕྱོགས་ཡོངས་ནས་སློབ་གྲྭ་ཆེན་མོའི་ལས་ཞུགས་ལས་གཏོད་ལ་ཞབས་ཞུ་བསྒྲུབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར།  གསར་འགོད་པས་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན།  2022ལོར་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས“སློབ་ཆེན་སློབ་མའི་ལས་ཞུགས་ལ་སྐུལ་མ་གཏོང་བའི་བྱ་སྤྱོད”སྤེལ་ནས།  ཞིབ་ཕྲའི་བྱ་ཐབས་ཁག་ལྔ་བཟོས་ཏེ།  སྡེ་ཚོགས་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུས་སྐུལ་སློང་དང་སློབ་ཆེན་སློབ་མའི་ལས་ཞུགས་ལ་རོགས་རམ་བྱས་ཏེ།  མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས།  བྱེད་སྒོ་སྔར་ལས་རྒྱ་ཆེར་བཏང་སྟེ“མཚོ་སྔོན་གྱི་དཔེ་གཞི”བཏོད། 

གུང་གཞོན་ཚོགས་པས“སློབ་ཆེན་སློབ་མའི་ལས་ཞུགས་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི”བྱེད་སྒོ་སྤེལ་བ་ནས་བཟུང་།  གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་ལས་ཞུགས་རོགས་སྐྱོར་མཁོ་འདོན་དང་།  སྤྱི་ཚོགས་ཅན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་གཙོ་གནད་དུ་བཟུང་ནས།  ལས་ཞུགས་ཀྱི་བསམ་ཕྱོགས་མཐིལ་རྟོགས་དང་།  ལས་ཞུགས་མཛུབ་ཁྲིད།  ལས་གནས་ཀྱི་ཆ་འཕྲིན་འོས་སྦྱོར།  ལས་ཞུགས་ཀྱི་འཕེལ་རིམ་ལ་དོ་ཁུར།  རྒྱུན་མཐུད་རྗེས་འདེད་ཟུར་ཁྲིད་སོགས་ཕྱོགས་ཡོངས་ཀྱི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས། 

ཟླ10བའི་ཚེས14ཉིན་བར།  ཞིང་ཆེན་ཡོངས་ཀྱི་སྡེ་ཚོགས་ལས་བྱེད་པ148ཀྱིས2022ལོའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་མཐར་ཕྱིན་སློབ་མ481དང་གནད་སྨིན་ཆ་སྒྲིག་བྱས་ནས།  ལས་ཞུགས་ལས་གནས4048འོས་སྦྱོར་བྱས་པར་མ་ཟད།  སློབ་མ313ལ་ལས་ཀ་འཚོལ་རོགས་བྱས།  གུང་གཞོན་ཚོགས་པས་སློབ་ཆེན་སློབ་མའི་ལས་ཞུགས་བྱ་སྤྱོད་ལ་སྐུལ་མ་གཏོང་བ་དང“སློབ་གྲྭ་སྟོང་ལས་གནས་ཁྲི་ཡི་ལས་ཞུགས”བཅས་ལྔ་བཞིའི་དྲ་ཐོག་གདན་ཞུའི་ཚོགས་འདུ་འཚོགས་ནས།  ཁེ་ལས244ཡིས་ལས་གནས13099བསྡུས་ནས།  ལས་ཀ་འཚོལ་མཁན8862ཀྱི་ཡིད་དབང་བཀུག་སྟེ།  ལས་ཞུགས་ཀྱི་འདོད་མོས་ཡོད་པའི་མི་གྲངས5053ཟིན་པ་དང་།  དེའི་ཁྲོད3311ནི་ལོ་ད་ལོའི་མཐར་ཕྱིན་སློབ་མ་ཡིན་པ་དང་།  དྲ་ཐོག་ནས་བསྡོམས་པས་མི་ཐེངས42992ཟིན། 

 གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིསཞིང་ཆེན་ཡོངས་ཀྱི་ན་གཞོན་ཞིང་ཕྱུགས་ལས་ཀྱི་ལས་གཏོད་དངུལ་རྩའི་རོགས་སྐྱོར་ཆེད་དོན་འཆར་གཞི་ལག་བསྟར་བྱས་ནས།  ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དང་འབྲོག་ཁུལ་གྱི་རང་བརྟེན་ལས་གཏོད་ཀྱིས་བཙུགས་པའི་ཁྱིམ་ཚང་ཞིང་ར་དང་།  འདེབས་གསོའི་དུད་ཆེན།  ཞིང་འབྲོག་མཉམ་ལས་ཁང་།  ཞིང་ཕྱུགས་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས།  ཞིང་ཕྱུགས་ལས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་སོགས་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་གཙོ་གཟུགས་གསར་བར་གཙོ་གནད་སྒོས་རོགས་སྐྱོར་བྱས་ནས།   དངུལ་བུན་སྒོར་ཁྲི3060བཏང་བ་དང་།  ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་དང་མཉམ་འབྲེལ་སྒོས《2022ལོའི་བྱང་ཚད་མཐོ་བའི་གཞོན་ནུ་ཞིང་པ་གསོ་སྐྱོང་ལས་དོན་གྱི་ལག་བསྟར་ཇུས་གཞི》འགྲེམས་སྤེལ་བྱས།  མཚོ་སྔོན་གཞོན་ནུའི་ལས་གཏོད་གླིང་གིས“སློབ་གྲྭ་ཆེན་མོ་བའི་གྲོང་གསེབ་ཀྱི་ལས་གཏོད་རོགས་སྐྱོར་འཆར་གཞི”ལག་ལེན་བསྟར་བྱས་ནས། རྣམ་གྲངས9ལ་རིན་མི་དགོས་པར་རོགས་དངུལ་སྒོར་ཁྲི18སྤྲད་པ་དང་།  སྐབས་ལྔ་པའི“ཀྲུང་གོའི་གཤོག་པའི”ལས་གཏོད་གསར་གཏོད་འགྲན་བསྡུར་ཆེན་མོ་མཚོ་སྔོན་འགྲན་ཁུལ་གྱི་འདེམས་སྒྲུག་འགྲན་བསྡུར།  སྐབས་དྲུག་པའི་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་རྣམ་གྲངས་ཀྱི་གསར་གཏོད་འགྲན་བསྡུར་ཆེན་མོ་སོགས་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་མོ་གཉེར་ནས།  ལས་གཏོད་རྣམ་གྲངས548ཀྱིས་མིང་ཐོ་བཀོད།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།