ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཁྲང་ཞིང་གིས་ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས2ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་གིས་ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་མྱོང་ཚོར་དང་མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་གཞིག་དང་གནད་དོན་ཐག་གཅོད་བཅས་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་བྱ་བའི་བྱེད་ཐབས་ཁག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་དགོས་པར་ནན་གྱིས་བསྟན། 

རིམས་ནད་སྐབས་ཀྱི་གྲོང་མིའི་བློ་འདྲི་དང་རོགས་སྐྱོར་བྱེད་པའི་ཁ་པར་ཤར་གཏོང་བྱས་ཡོད་མེད་དང་། རོགས་སྐྱོར་རེ་ཞུའི་དོན་དག་དུས་ལྟར་བསྒྲུབ་ཡོད་མེད་སོགས། ཉིན་དེར། ཞིན་ཁྲང་ཞིང་གིས་སྐབས་བསྟུན་གྱིས་རོགས་སྐྱོར་ཁ་པར་ཤར་གཏོང་བྱས་ཚུལ་ལ་འཐེན་བཤེར་བྱས་པ་མ་ཟད། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་གྲོང་ཁྱེར་འཁོར་སྐྱོད་བཀོད་འདོམས་ལྟེ་གནས་སུ་ཡོང་ནས་ཡུལ་དངོས་སུ་ཁ་པར་སྣེ་ལེན་བྱས་པའི་གྲངས་འབོར་དང་། རོགས་སྐྱོར་རེ་ཞུའི་ནང་དོན།  འཕྲལ་བསྟུན་སྒྲིག་གཞི། ལན་བཏབ་པའི་བློ་ཡིད་ཚིམ་ཚད་སོགས་ལ་རྒྱུས་ལོན་བྱས། ཁོང་གིས་ངེས་པར་དུ་རེས་སྐོར་ལས་རེས་བཀོད་སྒྲིག་བཟང་པོ་བྱས་ནས། ཐད་སྦྲེལ་ཁ་པར་ཆུ་ཚོད24ལ་ཤར་གཏོང་ཐུབ་པར་འགན་ལེན་བྱེད་དགོས། མང་ཚོགས་ཀྱི་རོགས་སྐྱོར་རེ་ཞུའི་དོན་དག་གལ་ཆེ་ཆུང་དང་བྲེལ་འཚུབ་ཆེ་ཆུང་ལ་གཞིགས་ནས། དུས་ལྟར་དང་ལེན་བྱས་ཏེ་དམིགས་བསལ་གྱི་དོན་དག་དམིགས་བསལ་གྱིས་སྒྲུབ་པ་དང་། ཛ་དྲག་གི་བྱ་བ་མྱུར་སྒྲུབ། ཐག་གཅོད་བྱེད་པའི་དུས་ཚོད་ཐུང་དུ་གཏོང་གང་ཐུབ་བཅས་བྱེད་དགོས། ལས་དོན་བསྒྲུབས་ཚུལ་ལ་རྗེས་འདེད་བྱས་ནས། བཅར་འདྲི་བྱས་པ་བརྒྱུད་སྒྲུབ་རིམ་དང་མི་འདང་སར་རྒྱུས་ལོན་བྱས་ཏེ་དུས་ལྟར་ཇེ་ལེགས་སུ་གཏོང་དགོས་པར་བསྟན། 

རྟོག་ཞིབ་སྐབས་ཞིན་ཁྲང་ཞིང་གིས་རྒྱུན་འཁྱོངས་ནི་རྒྱལ་ཁ་ཡིན་པས། རྒྱུན་འཁྱོངས་བྱེད་ཐུབ་ན་ངེས་པར་དུ་རྒྱལ་ཁ་ལེན་ཐུབ་ངེས་ཡིན། རིམས་ནད་འགོག་སྡོམ་ནི་ལས་བྱེད་པའི་ནུས་པ་དང་སྤྱོད་ཚུལ། དམངས་ལ་བཅངས་པའི་བརྩེ་སེམས་བཅས་ལ་ཞིབ་བཤེར་བྱེད་པ་ཞིག་ཡིན་པས། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་རིམས་ནད་འགོག་བཅོས་ཀྱི་སྲིད་ཇུས་དོན་འཁྱོལ་དང་མང་ཚོགས་ཀྱི་དགོས་མཁོ་སྐོང་བར་ནན་ཏན་གྱིས་འགན་ལེན་བྱེད་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་གྱི་ཚན་རིག་རང་བཞིན་དང་གནད་འཁེལ་རང་བཞིན་ལ་སྔར་བས་ཤུགས་སྣོན་དང་། མང་ཚོགས་ཀྱིས་རང་ངོས་འགོག་སྲུང་ལ་ཤུགས་སྣོན་པར་ཁྲིད་སྟོན་བྱེད་པ། ཕྱི་རིམས་ནང་མཆེད་ཀྱི་འགོག་སྲུང་འཛིང་རགས་དང་པོ་བརྟན་སྲུང་བྱེད་པ། ལས་སྒོའི་བྱང་ཚད་མཐོ་བའི་འཁོར་སྐྱོད་སྙོམས་སྒྲིག་དཔུང་སྡེ་འཛུགས་པ་བཅས་བྱས་ནས། འགག་སྒོ་སྔ་སྣུར་དང་། དུས་རྒྱུན་དུ་སྔོན་འགོག ཚོད་འཛིན་བྱ་ཡུལ་གཙོ་གནད་དུ་འཛིན་པ་བྱེད་དགོས་པར་ནན་གྱིས་བསྟན།  

ཞིང་ཆེན་གྱི་མགོ་ཁྲིད་ཁྲིན་རུའེ་ཧྥིན་དང་། ཀྲུའུ་ཞང་ཧྥིན། ཁོང་ཡུང་བཅས་ཞུགས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།