ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་གྱིས་ཐེངས་གསུམ་པར་དཀའ་ཁག་མང་ཚོགས་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི134.8འགྲེམ་གཏོང་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དམངས་སྲིད་ཅུའུ་ནས་འབྱོར་བའི་གནས་ཚུལ་ལྟར་ན། དམངས་འཚོའི་འགན་སྲུང་སྲིད་ཇུས་ནན་ནན་ཏིག་ཏིག་གིས་ལག་བསྟར་བྱ་ཆེད།  ཟི་ལིང་གྲོང་ཁྱེར་གྱིས་ལོ་འདིའི་ནང་ཐེངས་གསུམ་པར་སྤྱི་ཚོགས་རོགས་སྐྱོར་དང་འགན་སྲུང་ཚད་གཞི། དངོས་ཟོག་རིན་གོང་ཡར་འཕར་བ་སོགས་སྦྲེལ་མཐུད་ཀྱི་མཉམ་འགུལ་ལམ་ལུགས་སྤེལ་ནས། རོགས་སྐྱོར་བྱེད་ཡུལ་རིགས་བཀར་ནས། མི་རེར་ཆ་སྙོམས་སུ་སྒོར39དང་སྒོར26སོགས་ཇེ་མཐོར་བཏང་ཞིང་། མཁར་གྲོང་གི་མ་མཐའི་འཚོ་བའི་གྲོན་དངུལ་ལེན་མཁན་དང་དབུལ་ནག་ལྔ་སྐྱོང་ཁྱིམ་ཚང་སོགས་མ་མཐའི་འཚོ་བའི་འགན་སྲུང་ནང་ཚུད་ལ་ཉེ་པའི་ཁྱིམ་ཚང་ཁྲི4.32ལ་གནས་སྐབས་རང་བཞིན་གྱི་ཁ་གསབ་རོགས་དངུལ་སྒོར་ཁྲི134.8འགྲེམ་གཏོང་བྱས། 

ཐེངས་འདིའི་རིམས་ནད་བྱུང་བ་ནས་བཟུང་། ཟི་ལིང་གྲོང་ཁྱེར་དམངས་སྲིད་སྡེ་ཁག་གིས་ཧུར་ཐག་སྒོས་སྤྱི་ཚོགས་རོགས་སྐྱོར་ལས་སྒྲུབ་མི་སྣ་དང་མཐུན་སྦྱོར་མི་སྣ་རྩ་འཛུགས་བྱས་ཏེ། ཁ་པར་དང་སྐད་འཕྲིན། QQསོགས་བརྒྱུད་དེ། ངོ་ཐུག་མི་དགོས་པའི་རྣམ་པ་སྤྱད་པ་དང་།  གཞིས་ཁུལ་མངའ་ཁོངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་ཁ་ཐོར་དུ་གནས་པའི་དབུལ་ནག་ལྔ་སྐྱོང་ཁྱིམ་ཚང་། མ་མཐའི་འཚོ་བའི་འགན་སྲུང་ནང་ཚུད་ལ་ཉེ་བའི་ཁྱིམ་ཚང་། མཚོ་སྔོན་དུ་སྡོད་པའི་ཡུལ་མི་ལས་བཟོ་བ། འཚོ་བར་དཀའ་ཁག་ཡོད་པ་དང་ལས་ཀ་བཙལ་མེད་པའི་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་སོགས་ལ་ཞིབ་བཤེར་བྱས་པ་དང་། མི་སྣའི་ཞིབ་བཤེར་རྩིས་ཐོ་བཟོས་ནས་ཁྱོན་ཡོངས་ནས་ཁོ་ཚོའི་གཞི་རྩའི་འཚོ་བའི་འགན་སྲུང་གནས་ཚུལ་ལ་རྒྱུན་ལོན་བྱེད་པ་བཅས་སྔ་མོ་ནས་གནས་ཚུལ་རྒྱུས་ལོན་བྱེད་པ་དང་སྔ་མོ་ནས་རོགས་སྐྱོར་བྱེད་པར་བརྩོན་ལེན་བྱས་ཐོག  ཕན་འབྲས་ཡོད་པའི་སྒོ་ནས་སྤྱི་ཚོགས་རོོགས་སྐྱོར་སོ་སོའི་སྲིད་ཇུས་བར་གྱི་འབྲེལ་མཐུད་ལ་ཤུགས་བསྣན་པ་དང་། སྤྱི་ཚོགས་རོགས་སྐྱོར་གྱི་ཞབས་ཞུའི་སྐུད་ལམ་ཇེ་ཡངས་སུ་གཏོང་བ་དང་དྲ་སྟེང་གི་འགྲོ་ལུགས་སྒྲུབ་པར་ཤར་གཏོང་བྱས། རྩ་དོན་ལྟར་ན་འགན་སྲུང་ཁྱབ་ཁོངས་ནང་ཚུད་པའི་རིགས་དག་ཟླ་གཉིས་ལ་སྙོམས་སྒྲིག་མི་བྱེད་པ་དང་། གསར་དུ་ཡར་ཞུ་བྱས་པའི་ཁྱིམ་ཚང་ལ་ཁྱིམ་ཚང་དུ་བརྟག་དཔྱད་བྱེད་པ་དང་དམངས་གཙོའི་དཔྱད་འདེམས་མི་བྱེད་པར།  ཡར་ཞུ་བྱེད་མཁན་གྱི་ཡར་ཞུའི་རྒྱུ་ཆ་གཞིར་བཟུང་བ་སོགས་ཕྱོགས་བསྡུས་ཞིབ་འཇུག་ཐག་གཅོད་བྱས་ནས།  སྔོན་ན་རོགས་སྐྱོར་ནང་ཚུད་དུ་འཇུག་པ་དང་རྗེས་ནས་ཞིབ་བཤེར་ཆོག་མཆན་བཀོད་པའི་རྩ་དོན་ལྟར། དུས་ཐོག་ཏུ་རོགས་སྐྱོར་ཐོབ་པར་འགན་སྲུང་བྱས།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།