ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་གྲོས་ཚོགས་བསྡུས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་གཏམ་བཤད་གནང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དོན་སྙིང་འགྲེལ་བརྗོད་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུས་གཏན་འཁེལ་བྱས་པའི་བསམ་བློ་གལ་ཆེན་དང་། འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་ལ་ཀློག་འགྲེལ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་བྱ་བ་བཀོད་སྒྲིག་བྱས། 

གྲོས་ཚོགས་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་དར་ཆ་མཐོན་པོར་བསྒྲེངས་པ་དང་། སྟོབས་ཤུགས་གཅིག་སྒྲིལ། མཐུན་སྒྲིལ་ཡར་སྐུལ་གྱི་ཚོགས་ཆེན་ཞིག་ཡིན། ཆབ་སྲིད་དང་གཞུང་ལུགས། ལག་ལེན་སྟེང་གི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་བླངས་ཤིང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཡར་སྐུལ་དང་། སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་པར་སྐུལ་སློང་བྱས་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་ལེན་མཐར་ཕྱིན་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”མཐོར་འདེགས།“ཡིད་ཆེས་བཞི”སྲ་བརྟན་དུ་བཏང་ནས། “སྲུང་སྐྱོང་གཉིས”སྒྲུབ་པར་བྱེད་དགོས་ཞེས་བསྟན། 

གྲོས་ཚོགས་ལས། འཐབ་ཕྱོགས་ཡོངས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ཤུགས་དྲག་ཏུ་གཏོང་བ་དང་། དགོངས་གཞི་དང་ཁ་ཕྱོགས་ཡང་དག་པར་བྱས་ཏེ། འཐུས་ཚང་ཡང་དག་རྒྱུན་འཁྱོངས་དང་། གཟབ་ནན་ཞིབ་ཚགས། གསར་གཏོད་ཀྱི་བསམ་བློ་ཡོད་པ། སྤུས་ཚད་ལ་དོ་སྣང་བྱེད་པ། དངོས་གཉེར་ཕན་འབྲས་བརྩོན་པ་བཅས་རྒྱུན་འཁྱོངས་ཀྱིས། བགྲོ་གླེང་སློབ་སྦྱོང་དང་དྲིལ་སྒྲོག་སྣེ་ཁྲིད། གཞུང་ལུགས་སྒྲོག་འགྲེལ། ཞིབ་འཇུག་འགྲེལ་བཤད་སོགས་ཀྱི་ཐད་ཤུགས་བསྣན་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་བསམ་བློ་གཅིག་གྱུར་དང་། ཕུགས་འདུན་གཅིག་གྱུར། བྱེད་སྟངས་གཅིག་གྱུར་ཡོང་བའི་ཐད་བཀོལ་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་རྩོམ་པར་བསམ་བློའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ལ་བརྙན་རིས་ཀྱི་རྣམ་པས་བསྡུས་ཏེ་རྫོང་རིམ་པར་ཐོན་པ་དང་། ཀྲུང་དབྱང་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་ཚོགས་ར་གཙོ་བོར་གདན་དྲངས་ནས་གྲོས་ཚོགས་སུ་ཞུགས། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།