ཀྲུང་གོ་བོད་ཀྱི་དྲ་བ།

ན་གོར་མོ་གྲོང་ཁྱེར་གྱིས་ནུས་རྩལ་ཕྱོགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཕྱོགས་མང་པོ་ནས་ཤུགས་བསྣན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་ནུས་རྩལ་གསོ་སྦྱོང་དང་ལས་ཀའི་གོ་མིང་གི་དཔྱད་འདེམས། སྟེགས་བུ་གསར་སྐྲུན་སོགས་ཕྱོགས་གང་ཅི་ཐད་ནས་ཤུགས་བསྣན་པ་བརྒྱུད། སྔར་ལས་ལྷག་པར་གྲོང་ཁྱེར་ཡོངས་ཀྱི་ནུས་རྩལ་ཤེས་ལྡན་མི་སྣའི་དཔུང་སྡེའི་འཛུགས་སྐྲུན་ལ་སྐུལ་འདེད་བྱས། 

གསོ་སྦྱོང་ཐད་ནས་“སྒུལ་ཤུགས་གསར་བ”བསྩལ་པ་དང་།  ཐོན་ལས་གཙོ་གནད་དང་ལས་ཀའི་གཙོ་གནད། ལས་རིགས་གསར་བ་དང་ལས་ཀ་གསར་བར་ཁ་ཕྱོགས་ནས། གོ་རིམ་མང་པོར་གནད་ཁེལ་སྒོས་ལས་ཀའི་ནུས་རྩལ་གསོ་སྦྱོང་བྱས་པའི་དུས་མཚུངས་སུ། གྲོང་ཁྱེར་གྱི་འཆར་འགོད་དང་དཔལ་འབྱོར་འཛུགས་སྐྲུན། ཚན་རྩལ་དང་སློབ་གསོ། འཕྲོད་བསྟེན་སོགས་ཕྱོགས་ནས་ཆེད་ལས་མི་སྣའི་གསོ་སྦྱོང་བྱས། མིག་སྔའི་བར། རོང་འབྲོག་པ་མང་ཚོགས་མི་ཐེངས2000ལྷག་ལ་གསོ་སྦྱོང་བྱས་པ་དང་།  བྱང་ཚད་མཐོ་བའི་རོང་འབྲོག་པ100གསོ་སྐྱོང་བྱས། ཆེད་ལས་ལག་རྩལ་མི་སྣའི་གསོ་སྦྱོང་མི་ཐེངས1419ལ་སྤེལ། 

བགྲོད་ལམ་ཇེ་ཡངས་སུ་གཏོང་བ་དང་། “བཀོད་འདོམས་པའི་དབང་ཆ” ལེགས་པོ་བེད་སྤྱོད་བྱས།  དྲ་སྦྲེལ་དྲ་བ་དང་གཞི་རིམ་གྱི་ཞབས་ཞུའི་སྟེགས་བུ་སོགས་བརྒྱུད་དེ། ཁེ་ལས་ནང་ཁུལ་གྱི་གདེང་འཇོག་སྲིད་ཇུས་ཁྱབ་སྤེལ་བྱས་པ་དང་། ཁེ་ལས་ལ་སྣེ་ཁྲིད་ནས་ནུས་རྩལ་ཕྱོགས་ཀྱི་ཤེས་ལྡན་མི་སྣའི་གདེང་འཇོག་ལམ་ལུགས་འཐུས་ཚང་དུ་བཏང་། སྔར་ལས་ལྷག་པར་སྤྱི་དབང་མ་ཡིན་པའི་དཔལ་འབྱོར་ཐད་ཀྱི་ལས་ཀའི་གོ་མིང་གི་དཔྱད་འདེམས་བགྲོད་ལམ་ཇེ་ཡངས་སུ་བཏང་སྟེ། ལས་ཀའི་གོ་མིང་དཔྱད་འདེམས་བརྡ་འཕྲིན་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས་བྱ་གཞག་སོ་སོར་ཤེས་ལྡན་མི་སྣ་འདོན་སྤྲོད་བྱས་པ་རེད། མིག་སྔའི་བར། བསྡོམས་པས་མི258ཀྱིས་ལས་ཀའི་ཐོབ་ཐང་བླངས་ཡོད་པ་དང་། ཁེ་ལས་ཕྱོགས་ཀྱི་ཤེས་ལྡན་མི་སྣ68ཀྱིས་ཆེད་ལས་ལག་རྩལ་གྱི་ལས་ཀའི་ཐོབ་ཐང་བླངས། 

སྟེགས་བུ་གསར་སྐྲུན་བྱས་ཏེ། “ཤར་གཏོང་སྟེགས་བུ” བཙུགས། “ལས་ཀའི་བདག་གཉེར”སྟེགས་བུར་བརྟེན་ནས། ལས་རྐང་འཚོལ་བ་དང་ལས་ཀའི་ཐོན་ཁུངས་ཧྲག་བསྡུ་བྱེད་པ། ཁ་པར་དང་སྐད་འཕྲིན་གྱི་ལམ་ནས་ལས་བཟོ་བ་མཁོ་བའི་ལས་ཁུངས་ལ་འབྲེལ་གཏུགས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ལས་ཀ་གཉེར་བའི་གོ་སྐབས་ཇེ་མང་དུ་འགྲོ་བར་སྐུལ་འདེད་བྱས་ཤིང་། ལས་བཟོ་བ་མི523ལ་ལས་ཀ་འཚོལ་རོགས་བྱས་པ་དང་། ལས་ཀ་འཚོལ་བ་དང་ལས་བཟོ་བ་བསྡུ་ལེན་བྱེད་པའི་གོ་རིམ་སྟབས་བདེར་བཟོས།  །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།