ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཁྲང་ཞིང་མཚོ་ཤར་གྲོང་ཁྱེར་གྱི་ཞིང་སྡེ་དང་གླིང་ཁུལ་དུ་ཕྱིན་ནས་སྒྲོག་འགྲེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཁྲང་ཞིང་མཚོ་ཤར་གྲོང་ཁྱེར་གྱི་ཞིང་སྡེ་དང་གླིང་ཁུལ་དུ་ཕྱིན་ནས་སྒྲོག་འགྲེལ་བྱེད་སྐབས་ནན་གྱིས་བསྟན་དོན། 

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཏེ། མཐུན་སྒྲིལ་དང་འབད་བརྩོན་གྱིས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་འཛུགས་སྐྲུན་བྱེད་དགོས།

1.jpg

ཟླ10པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་པན་ཡན་སྡེ་བ་རུ་ཕྱིན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས། སྒྲོག་འགྲེལ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་གཟིགས་ཞིབ་གནང་མྱོང་བའི་པན་ཡན་སྡེ་བ་རུ། ཞིན་ཁྲང་ཞིང་འཚེམ་དྲུབ་གླིང་དུ་སོང་ནས་ཚང་མ་དང་མཉམ་དུ་དུས་རབས་གསར་པའི་ལོ10རིང་གི་སྡེ་བའི་འཕོ་འགྱུར་ཆེན་པོའི་སྐོར་ལབ་གླེང་བྱས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་པན་ཡན་སྡེ་བ་དང་། མཚོ་སྔོན་ཐཱན་མེད་ཐོན་ལས་གླིང་དུ་ཕྱིན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས། ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ་དང་དོན་འཁྱོལ་བྱ་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ནང་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན། བློ་བརྟན་འགྱུར་མེད་ཀྱིས“གཏན་ཕབ་གཉིས”ལ་བརྩི་བཀུར་དང་།  མཐའ་གཅིག་ཏུ“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ནས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བཏོན་པའི་བསམ་ཕྱོགས་གསར་པ་དང་། ཆོད་གཏམ་གསར་པ། བཀོད་སྒྲིག་གསར་པ། བླང་བྱ་གསར་པ་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བ་དང་། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་ཐོག་བསྐྱོད་པར་འབད་བརྩོན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་བྱས་རྗེས་གསར་པ་འཇོག་དགོས་པར་ནན་གྱིས་བསྟན།

2.jpg

ཟླ10པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་པན་ཡན་སྡེ་བ་རུ་ཕྱིན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས། འདི་ནི་ཞིན་ཁྲང་ཞིང་གིས་གཞི་རིམ་འཐབ་ཡུལ་དང་པོའི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་གཏིང་ཟབ་སྒོས་སློབ་སྦྱོང་མྱོང་ཚོར་ལྷུག་བརྗོད་བྱེད་པའི་རྣམ་པ་རེད།

སྒྲོག་འགྲེལ་བྱེད་སྐབས། ཞིན་ཁྲང་ཞིང་དང་གཞི་རིམ་གྱི་འཐབ་ཡུལ་དང་པོའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དབར་སྤེལ་རེས་གཏིང་ཟབ་སྒོས་སློབ་སྦྱོང་མྱོང་ཚོར་ལྷུག་བརྗོད་བྱས་ནས། ཁོང་ཚོར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པར་ཁྲིད་སྟོན་བྱས། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་བགྲོད་ལམ་གསར་པར་བསྐྱོད་པ་དང་། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་པའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་ཤིན་ཏུ་གལ་འགངས་ཆེ་བའི་ཚོགས་ཆེན་ཞིག་དང་། དར་ཆ་མཐོན་པོར་སྒྲེང་བ་དང་། སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟན་དོན་འཁྱོལ་བྱེད་པའི་ཆེས་རྩ་བར་གྱུར་པ་དང་ཆེས་གལ་ཆེ་བ་ནི“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དེ་ཡིན་ལ། དུས་རབས་གསར་པའི་ལོ་ངོ10ཡི་འཕོ་འགྱུར་རླབས་པོ་ཆེའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་ཐུག་ཡོད་པས། བློ་བརྟན་འགྱུར་མེད་ཀྱིས“གཏན་ཕབ་གཉིས”ལ་བརྩི་བཀུར་བྱེད་པ་ནི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་ཐོག་ང་ཚོས་དཀའ་ངལ་མཐའ་དག་ཁྱད་བསད་དང་། འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་བ། རྒྱལ་ཁ་མཐའ་དག་བརྩོན་ལེན་བྱེད་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་། གདིང་ཤུགས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན་པས། དོན་དངོས་ཐོག“གཏན་ཕབ་གཉིས”ལ་བརྩི་བཀུར་དང་། “སྲུང་སྐྱོང་གཉིས”ཀྱི་རང་འགུལ་རང་བཞིན་དང་འགྱུར་མེད་རང་བཞིན་ནན་ཏན་གྱིས་ཆེ་རུ་གཏོང་བ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“དམ་འཛིན་བརྟན་པོ་ལྔ”དང“ཁྱོན་ཡོངས་ནས་སློབ་སྦྱོང་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་ལ་ཤུགས་སྣོན་པའི”བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་དང་། རང་སོ་སོའི་ལས་གནས་ཐོག་གཞི་ཚུགས་པ། དངོས་འཛིན་དངོས་སྒྲུབ། མཐུན་སྒྲིལ་འབད་བརྩོན་བཅས་བྱས་ནས། སྔར་ལས་ལྷག་པའི་མཛེས་སྡུག་ལྡན་པའི་མ་འོངས་པ་འཛུགས་སྐྲུན་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཆར་བཀོད་དོན་དངོས་སུ་འགྱུར་བར་བྱེད་དགོས་པར་བསྟན། 

3.jpg

ཟླ10པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་མཚོ་སྔོན་ཐཱན་མེད་ཐོན་ལས་གླིང་དུ་ཕྱིན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས། 

སྒྲོག་འགྲེལ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་གཟིགས་ཞིབ་གནང་མྱོང་བའི་པན་ཡན་སྡེ་བ་རུ། ཞིན་ཁྲང་ཞིང་འཚེམ་དྲུབ་གླིང་དང་། ནས་ཆང་བཟོ་གྲྭ་དང་སྡེ་བའི་དབུལ་ཐར་འགག་སྒྲོལ་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཁང་དུ་ཕྱིན་ནས། ཚང་མ་དང་མཉམ་དུ་དུས་རབས་གསར་པའི་ལོ10ནང་གི་སྡེ་བའི་འཕོ་འགྱུར་ཆེན་པོའི་སྐོར་གླེང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་གནང་བའི“རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་དཔེ་བཟང”གཟེངས་བསྟོད་རྟགས་མའི་མདུན་དུ་ཕྱིན་ནས། འདི་ནི་པན་ཡན་སྡེ་བའི་གཟི་བརྗིད་ཡིན་ལ་མཚོ་སྔོན་གྱི་གཟི་བརྗིད་ཀྱང་ཡིན་པས་ཡུལ་མི་ཚོར་མུ་མཐུད་དུ་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་ཏེ་གྲོང་གསེབ་དར་སྤེལ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་དང་། འཚོ་བ་སྔར་ལས་ཇེ་བཟང་དུ་འགྲོ་ངེས་པའི་མངགས་བཅོལ་གནང་། མཚོ་སྔོན་གྱི་ཐཱན་མེད་ཐོན་ལས་གླིང་དུ། ཞིན་ཁྲང་ཞིང་གིས་འཆར་འགོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་བྱས་ཤིང་། གླིང་ཁུལ་འཛུགས་སྐྲུན་བྱེད་མཁན་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི“ཐཱན་རྩེར་སོན་དང་ཐཱན་སྙོམ་སྒྲིག་ལ་བརྟན་འཇགས་དང་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས”པའི་བཀོད་སྒྲིག་གལ་ཆེན་སྐོར་གྱི་ཁ་བརྡ་བྱས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི“རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ལས་ཀྱི་མཐོ་ས་གཏོད་དགོས་པ”དང“ཐཱན་རྩེར་སོན་དང་ཐཱན་སྙོམ་སྒྲིག་ཕྱོགས་ནས་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་དགོས”ཞེས་མངགས་བཅོལ་བྱས་ནས། ཁོང་ཚོར་ངལ་རྩོལ་གྱི་སྙིང་སྟོབས་དང་ལག་ཤེས་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས་པར་བསྟན། 

ཝུའུ་ལ་ཙེ་པེ་ཁེ·རེ་སུའུ་ལི་ཧན་དང་ཀྲུའུ་ཞང་ཧྥིན་གཉིས་དེའི་ཁྲོད་ཞུགས། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།